ཨོ་སི་ཊོ་ལི་ཡའི་ནང་མི་སྒེར་གྱི་བུ་ལོན་གཡར་སྟངས།

When should you consider applying for a personal loan.jpg

Get the SBS Audio app

Other ways to listen

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཟས་གོས་སོགས་ཅ་དངོས་ཀྱི་རིན་གོང་ཇེ་མཐོར་ཕྱིན་བཞིན་པའི་སྐབས་འདིར། མི་སྒེར་གྱིས་བུ་ལོན་ལེན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིན་ན་ཡང་བུ་ལོན་བླངས་ནས་གན་རྒྱར་ས་རྟགས་མ་བཀོད་གོང་ལ་བསམ་གཞིག་བྱེད་དགོས་པའི་གནད་དོན་ཁ་ཤས་ཤིག་ཡོད་པ་རེད།


མི་སྒེར་གྱི་བུན་གཡར་ནི་ཁྱེད་རང་གིས་དངུལ་འབོར་ངེས་ཅན་ཞིག་དུས་ཚོད་ངེས་ཅན་ཞིག་གི་བར་བུ་ལོན་བླངས་ནས་དེ་ལ་སྐྱེད་ཀ་སྤྲོད་དགོས་ཀྱི་ཡོད་པ་རེད།

མི་མང་ཆེ་བས་བུ་ལོན་དེ་དམིགས་བསལ་གྱི་ལས་དོན་བྱེ་བྲག་པ་ཞིག་གི་ཆེད་དུ་བླངས་ཀྱི་ཡོད་སྐོར་ཨོ་སི་ཊོ་ལི་ཡའི་མ་འཛུགས་དང་དངུལ་འཛིན་ལྷན་ཁང་ Moneysmart ཞེས་པའི་ཚོགས་པ་དེའི་ལས་བྱེད་ཨན་ཌོར་ Andrew Dadswell ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོང་གིས་བུ་ལོན་བླངས་བ་ནི་ཅིག་བྱས་ན་ཁྱེད་རང་གུང་སེང་ལ་འགྲོ་འཆར་ཡོད་སྲིད་པ་རེད་ལ། ཅིག་བྱས་ན་ཁྱེད་རང་གིས་གཉེན་སྟོན་དེ་འདྲ་བྱ་རྒྱུའི་བསམ་བློ་ཡང་ཡོད་སྲིད། དེ་ཚོར་འགྲོ་སོང་ཆེན་པོ་རེད། ད་དུང་བུ་ལོན་བླངས་ནས་ཁང་པ་བཟོ་བཅོས་རྒྱག་པ་དང་མོ་ཊ་དེ་འདྲ་ཡང་ཉོ་འདོད་ཀྱང་ཡོད་སྲིད།  བུ་ལོན་བླངས་ན་ཁྱེད་རང་གི་ལས་དོན་དེ་དུས་ཐོག་ཏུ་བསྒྲུབས་ཐུབ་པའི་ཕན་ཐོགས་ཡོད་ཀྱང་། གྱོང་གུད་ནི་ཁྱེད་རང་གིས་བུ་ལོན་བླངས་རྗེས་དེ་ལ་གླ་ཆ་དང་ཡང་ན་སྐྱེད་ཀ་སྤྲད་དགོས་ཀྱི་ཡོད་པ་དེ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་མི་མང་པོ་ཞིག་གིས་སྒེར་གྱི་དངུལ་བུན་བླངས་བཞིན་ཡོད་ཅིང་། དེ་ཡང་སྒེར་གྱི་བུན་གཡར་གྱི་དངུལ་འབོར་ནི་ཨོ་སྒོར་ ༢༠༠༠ ནས་ ༡༠༠༠༠༠ བར་ཙམ་ཡིན་ཞིང་། དངུལ་བུན་འདི་རིགས་ལོ་ ༢ ནས་ལོ་ ༧ ནང་ཚུད་དུ་ཕྱིར་སྤྲོད་འཇལ་ཚར་བ་དགོས་ཀྱི་ཡོད་པ་རེད།

མི་ཚང་མ་ལ་སྒེར་གྱི་བུན་ལོན་འདི་རིགས་རག་ཐུབ་ཀྱི་མེད། དེ་ཡང་བུན་ལོན་གཏོང་མཁན་གྱིས་བུན་ལོན་ལེན་མཁན་དེའི་ཡོང་འབབ་སོགས་ལ་བརྟག་དཔྱད་དང་གཞིར་བཞག་གི་ཡོད་པ་རེད། མ་ཚད་བུ་ལོན་གཏོང་མཁན་མ་འདྲ་བ་ལ་དགོས་མཁོའི་ཆ་རྐྱེན་ཡང་མི་འདྲ་བ་ཡོད་པ་རེད།

ཁོང་གིས་སྤྱིར་སྟངས་བུ་ལོན་ལེན་མཁན་དེ་ཚོ་ལོ་ན་ ༡༨ ཡན་ཡིན་དགོས་པས་མ་ཚད། ཨོ་སི་ཊོ་ལི་ཡའི་མི་སེར་དང་ཡང་ན་གཏན་འཇགས་གནས་སྡོད་བྱེད་མཁན་ཡིན་དགོས། མཚམས་རེར་ཡོང་འབབ་ལ་གཞིག་ནས་གནས་སྐབས་ཀྱི་ཐོངས་ཆེན་ཡིན་མཁན་དེ་ཚོ་ལའང་གཡར་གྱི་ཡོད། ཡིན་ན་ཡང་ཁོང་ཚོར་ཆ་རྐྱེན་འཕར་མ་ཡོད་པ་རེད། བུ་ལོན་སྤྲོད་མཁན་དེ་ཚོར་ཁྱེད་རང་གི་ཡོང་འབབ་ཀྱི་དཔངས་རྟགས་ལོ་རྒྱུས་སྤྲད་དགོས་པས་མ་ཚད། ཁྱེད་རང་གི་ངོ་སྤྲོད་ལག་འཁྱེར་དང་། ད་དུང་ཁྱེད་ལ་བུ་ལོན་གཞན་ཡོད་མེད་སོགས་བལྟ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

སྒོར་མོ་གཡར་མཁན་ཚོས་གཙོ་བོར་ཁྱེད་རང་གི་དངུལ་ཁང་གི་ཁ་བྱང་ཐོག་ནས་དེ་སྔོན་བུ་ལོན་སྤྲོད་མཇལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་དང་། དེའི་ཐོག་ནས་ཁྱེད་རང་གིས་རྗེས་མར་བུ་ལོན་ཕྱིར་སྤྲོད་ཐུབ་རྒྱུ་ཡིན་མིན་བལྟ་བཞིན་ཡོད།

Finder ཞེས་པའི་མི་སྒེར་གྱི་དཔལ་འབྱོར་སྐོར་ཆེད་མཁས་པ་ཨེ་མེ་བྷར་ཌ་ནེ་ཇོར་ཇི་ Amy Bradney-George ལགས་ཀྱིས་བུ་ལོན་བླངས་བར་ཨོ་སི་ཊོ་ལི་ཡའི་ནང་ཁྱེད་རང་གི་བུ་ལོན་སྤྲོད་མཇལ་གྱི་ལོ་རྒྱུས་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

ཁོ་མོས་བུ་ལོན་སྤྲོད་མཇལ་གྱི་སྐར་གྲངས་དེ་ཨང་གྲངས་ཤིག་རེད། དེ་སྤྱིར་སྟངས་ཨང་གྲངས་ ༠ ནས་ ༡༠༠༠ བར་ཡིན་ཞིང་། བུ་ལོན་སྤྲོད་མཁན་གྱིས་སྐར་གྲངས་དེའི་ཐོག་ནས་ཁྱེད་རང་གིས་དེ་སྔོན་བུ་ལོན་སྤྲོད་མཇལ་གྱིས་ལས་དོན་ཏག་ཏག་སྒྲུབ་ཐུབ་ཡོད་མེད་དང་། མ་འོངས་པར་བན་ལོན་ཏག་ཏག་གསབ་ཐུབ་རྒྱུ་ཡིན་མིན་བལྟ་བཞིན་ཡོད། སྐར་གྲངས་དེ་མཐོ་པོ་དགོས་ཤིང་གལ་སྲིད་སྐར་གྲངས་དེ་དམའ་མོ་ཡིན་ཚེ་དེས་ཁྱེད་ཀྱིས་མ་འོངས་པར་བུ་ལོན་སྤྲོད་མཇལ་ཏག་ཏག་ཐུབ་རྒྱུ་མིན་པར་ཉེན་ཁ་ཞིག་ཏུ་བརྩི་བཞིན་ཡོད་པ་རེད་ཅེས་གསུངས་འདུག

དུས་རྒྱུན་ཁྱེད་རང་གིས་བུ་ལོན་སྤྲོད་མཇལ་ཏག་ཏག་མ་སྒྲུབ་ཚེ་དེས་ཁྱེད་རང་གི་སྐར་གྲངས་དེ་མར་ཆག་བཞིན་ཡོད་པ་རེད།

Share