བདེ་སྲུང་བཀའ་བློན་གྱིས་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་ལ་བསྔགས་བརྗོད།

Don’t forget our struggles in peace and freedom country.jpg

Get the SBS Audio app

Other ways to listen

ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཨོ་གླིང་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་ལ་གཟིགས་སྐོར་དང་དེ་ཉིན་དགེ་རྒན་དུས་ཆེན་ལ་མཉམ་ཞུགས་གནང་ནས། སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་གི་དགེ་རྒན་ལས་བྱེད་རྣམས་ཀྱི་ལྷག་བསམ་དང་འབད་བརྩོན་བསྔགས་བརྗོད་དང་། ལྷག་པར་དུ་སིཌ་ནིང་རིག་གནས་སྐྱེད་ཚལ་ཁང་གི་བོད་ཕྲུག་རྣམས་ཀྱི་བོད་སྐད་ཡིག་གི་ཤེས་ཚད་དང་། བོད་མི་རིགས་ཀྱི་ངོ་བོ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་བསྔགས་བརྗོད་ཚད་མེད་གནང་ཡོད་པ་རེད།


གཞན་ཡང་བདེ་སྲུང་བཀའ་བློན་མཆོག་གིས་ང་ཚོ་རང་དབང་དང་སྐྱིད་པོ་ཡོད་སའི་ལུང་པ་ནང་ལ་མཚམས་རེར་བོད་མི་རིགས་ཀྱི་རྩ་དོན་འཐུས་ཤོར་འགྲོ་སྲིད་པའི་ཉེན་ཁ་ཡོད་སྐོར་དང་། བོད་མི་ནང་ཁུལ་ལ་གུ་བཤང་དང་གཅིག་གི་གཅིག་ལ་བསམ་ཚུལ་མ་འདྲ་བ་ཡོད་ན་ཡང་དེ་ལ་གུས་བརྩི་དང་། ལས་དོན་གང་འདྲ་ཞིག་ཡིན་ཡང་གཅིག་སྒྲིལ་གྱི་ནུས་པ་བཏོན་དགོས་པ་དེ་དུས་ཀྱི་དགོས་མཁོ་ཡིན་པ། མཚམས་རེར་ང་ཚོ་སྣང་བ་དག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་དེ་ཚོའི་ནང་བཞིན་ནང་ཁུལ་གྱི་གནད་དོན་ཐོག་ལ་དུས་ཚོད་མང་བ་བཏང་ནས་གནད་དོན་གལ་ཆེན་དེ་ཚོ་བརླག་འགྲོ་བཞིན་ཡོད་སྐོར་སོགས་གསུངས་སོང་།

 སྐབས་དེའི་མཛད་སྒོ་ཐོག་བདེ་སྲུང་དྲུང་ཆེ་དང་། སྐུ་ཚབ་དོན་གཅོད། སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས། རིག་གནས་སྐྱེད་ཚལ་ཁང་གི་དགེ་ལས་སློབ་ཕྲུག ཕ་མ་མཐུན་ཚོགས་ཀྱི་ཚོགས་མི། སློབ་ཕྲུག་གི་ཕ་མ་སོགས་ཁྱོན་མི་གྲངས་ ༡༥༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།
 

Share