འཕྲལ་སེལ་སྨན་བཅོས་ (first aid) ཀྱི་སྦྱོང་བརྡར་གང་དུ་བྱེད་དམ།

learning CPR.jpg

First aid can help someone feel better, recover more quickly, or even save lives.

Get the SBS Audio app

Other ways to listen

ས་ཆ་གང་དུ་ཡོང་ཀྱང་། གློ་བུར་དུ་ན་བ་དང་དོན་རྐྱེན་འབྱུང་སྲིད་པ་རེད། འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་ཡོད་པ་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་སྐབས་སུ་ཁྱད་པར་ཆེན་པོ་བཟོ་ཐུབ་པ་རེད། ཨོ་སི་ཊོ་ལི་ཡའི་ནང་། རང་ཉིད་ཀྱི་དངུལ་དང་དགོས་མཁོ་ལ་འཚམ་པའི་སྦྱོང་བརྡར་བྱེད་ས་མང་པོ་ཡོད་པ་རེད།


གཙོ་དོན་ཁག
  • འཕྲལ་སེལ་སྨན་བཅོས་ནི་གནས་སྟངས་ཛ་དྲག་གི་སྐབས་སུ་ལམ་ཁ་ཡག་ཤོས་དེ་ཡིན་པ་རེད།
  • དབུགས་གསོ་ཐབས་ CPR ཀྱི་སྦྱོང་བརྡར་ནི་འཕྲལ་སེལ་སྨན་བཅོས་བྱེད་པའི་སློབ་ཚན་གྱི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། དེའི་རྩ་འཛིན་གྱི་ལམ་སྟོན་ཡིག་ཆ་ཁག་འབྲེལ་ཡོད་ལས་ཁུངས་མཐོ་ཤོས་དེ་ཡིས་གཏན་འབེབ་བྱེད་ཀྱི་ཡོད་པ་རེད།
  • འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་གྱི་དུས་ཡུན་དང་བསླབ་གཞིའི་ནང་དོན། སྦྱོང་བརྡར་སྤྲོད་མཁན་གྱི་ཚོགས་པ་དང་། ལག་ལེན་བྱེད་ས་སོགས་ཁ་ཁ་ཡིན་པ་རེད།
ཕྱི་ལོ་ ༢༠༡༧ ལོར། རྒྱ་ཊམ་དམར་པོ་ཚོགས་པའི་སྙན་ཐོ་ལྟར་ན། ཨོ་སི་ཊོ་ལི་ཡ་ནང་ལོ་རེ་རེའི་ནང་། མི་གྲངས་ས་ཡ་ཕྱེད་ཀ་ཙམ་ཞིག་ལ་རྨས་སྐྱོན་བྱུང་ནས་སྨན་ཁང་ལ་འགྲོ་དགོས་འབྱུང་གི་ཡོད་ནའང་། འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་ཡོད་མཁན་ཧ་ཅང་ཉུང་སྟབས། ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་གི་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་ཡོད་མཁན་ཉུང་ཤོས་གྲས་ཀྱི་ལུང་པ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།

Royal Life Saving Society ཚོགས་པས་ཚོད་རྩིས་བྱས་པ་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་ཉི་མ་རེའི་ནང་ཆ་སྙོམས་ཀྱིས་མི་ ༢༠ ཙམ་ལ་སྙིང་ཁྲག་འགག་ནས་འདས་གྲོངས་འགྲོ་ཡི་ཡོད་པ་དང་། མི་ལ་རྨས་སྐྱོན་བྱུང་བའི་ཁྲོད་ནས་ བརྒྱ་ཆའི་ ༦༠ ལ་འཕྲལ་སེལ་སྨན་བཅོས་བྱེད་དགོས་ཆགས་ཀྱི་ཡོད་པ་རེད།
accident during work.jpg
Australian estimates suggest that less than one in three employees feels confident to perform first aid in a workplace emergency.
པཱ་ཁི་རི་ཌི་ (Buck Reed) ཡིས་ལོ་ངོ་ ༢༠ ལྷག་གི་རིང་ཛ་དྲག་སྨན་བཅོས་བྱས་མྱོང་ཡོད་པ་མ་ཟད། Western Sydney University ནང་གི་ཛ་དྲག་སྨན་བཅོས་དང་འབྲེལ་བའི་ཐོག་སློབ་ཁྲིད་གནང་མཁན་ཞིག་ཀྱང་ཡིན་པ་རེད།

མི་ཞིག་ལ་རྨས་སྐྱོན་བྱུང་བ་དང་བདེ་བོ་མེད་པའི་གནས་སྟངས་ཀྱི་སྐབས་སུ། རྨས་སྐྱོན་དེ་རང་ཉད་ཀྱི་ངོས་ནས་བདག་སྐྱོང་བྱེད་ཐུབ་པ་དེ་དང་། ཕྱོགས་གཞན་ཞིག་ནས། ལག་རྩལ་ཡོད་པ་ལ་བརྟེན་ནས་རང་ཉིད་ཀྱི་གདེང་ཚོད་ཀྱང་འཕེལ་བ་རེད། བྱས་ཙང་། འཕྲལ་སེལ་སྨན་བཅོས་སྦྱོང་བརྡ་བྱེད་པ་ནི་གཞན་ལ་སྨན་བཅོས་བྱེད་པ་གཅིག་པུ་ཙམ་མིན་པར། སེམས་ཁམས་ཀྱི་ཆ་ནས་བཤད་ནའང་སེམས་ལ་གྲ་སྒྲིག་ཅིག་ཡོད་པ་ལ་བརྟེན་ནས་དོན་རྐྱེན་བྱུང་བའི་སྐབས་སུ་སེམས་ལྷོད་ལྷོད་གནས་པ་རེད། ཅེས་བརྗོད་བྱུང་།
སྔོན་ཚུད་ནས་རང་ཉིད་ལ་འཕྲལ་སེ་སྨན་བཅོས་ཀྱི་སྦྱོང་བརྡར་ཡོད་ཚེ། ཛ་དྲག་གི་གནས་སྟངས་དེ་ཇེ་སྡུག་ཏུ་མི་འགྲོ་བ་བཟོ་ཐུབ་པ་རེད།
པཱ་ཁི་རི་ཌི་ནི་དགེ་རྒན་ཆེན་མོ་ཞིག་ཡིན་པ་རེད།
ཡང་ཁོང་གིས། འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་སྤྲོད་དགོས་པའི་རྒྱུ་མཚན་ནི། དོན་རྐྱེན་བྱུང་ནས་ལུས་པོ་ལ་རྨ་སོགས་བཟོས་ཡོད་པའི་སྐབས་སུ། སྨན་ཁང་ལ་མ་སླེབས་གོང་ནས་འཕྲལ་སེལ་སྨན་བཅོས་བྱེད་པ་དང་། ཡང་ན། གནས་སྟངས་ཛ་དྲག་གི་སྐབས་སུ་འཕྲལ་སེལ་གྱི་སྨན་བཅོས་བྱས་ནས་མིའི་ཚེ་སྲོག་སྐྱོབ་པའི་ཆེད་དུ་ཡིན་སྐོར་བརྗོད་དོན།

སྦྱོང་བརྡར་སྤྲོད་མཁན་ཞིག་གདམ་གསེས་བྱེད་པ།

འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་ཀྱི་སློབ་ཚན་གྱི་ནང་། དབུགས་ཆད་ནས་དྲན་པ་བརྒྱལ་བའི་སྐབས། ལག་ཐབས་སྤྱད་ནས་དབུགས་གསོ་ཐབས་ (CPR) དང་། འཕྲུལ་ཆས་སྤྱད་ནས་དབུགས་གསོ་ཐབས་བཅས་སློབ་ཁྲིད་བྱེད་པ་རེད།

མི་ཞིག་དབུགས་ཆད་པའི་སྐབས་སུ། ཐབས་ལམ་དེ་གཉིས་ནི་ཚེ་སྲོག་སྐྱོབ་བའི་ཐབས་ལམ་གལ་ཆེན་གཉིས་ཡིན་པ་རེད།
ambulance.jpg
There were over 26,000 out-of-hospital cardiac arrests in Australia in 2019. It is estimated that 75% of cardiac arrests occur at home or in a private setting.
པཱ་ཁི་རི་ཌི་ (Buck Reed) ཡིས་བརྗོད་ན། ཨོ་སི་ཊོ་ལི་ཡའི་ནང་། ལག་ཐབས་སྤྱད་ནས་དབུགས་གསོ་ཐབས་ (CPR) དེ་ནི་ཨོ་སི་ཊོ་ལི་ཡའི་ Australian Resuscitation Council ཚོགས་པའི་ལམ་སྟོན་བཞིན་སྦྱོང་བརྡར་སྤྲོད་དགོས་པ་ཞིག་ཡིན་འདུག

Australian Resuscitation Council ཚོགས་པ་ནི་ཨོ་སི་ཊོ་ལི་ཡའི་ནང་། ལག་ཐབས་སྤྱད་ནས་དབུགས་གསོ་ཐབས་ (CPR) ལག་ལེན་བྱེད་པའི་སྒྲིག་གཞི་བཟོ་མཁན་གྱི་ལས་ཁུངས་མཐོ་ཤོས་དེ་ཡིན་པ་རེད། དེའི་ཁོངས་སུ་སློབ་གྲྭ་ཆེན་པོ་ནང་གི་ཛ་དྲག་སྨན་བཅོས་སྡེ་ཚན་ཁག་དང་། ཛ་དྲག་མྱུར་སྐྱོབ་རླངས་འཁོར་ཚོགས་པ་སོགས་ཚོགས་པ་ཆེན་པོ་ཉི་ཤུ་ཙམ་ཡོད་པ་རེད།

Australian Resuscitation Council ཚོགས་པའི་ལམ་སྟོན་ཡིག་ཆ་ཁག་ནི་ཛ་དྲག་གི་གནས་སྟངས་ཀྱི་སྐབས་སུ་འཕྲལ་སེལ་སྨན་བཅོས་བྱེད་ཐབས་ཡག་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དེའི་ལས་འགན་གཙོ་བོ་ནི་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་སྤྲོད་མཁན་གྱི་ཚོགས་པ་ཁག་ལ་དམིགས་ནས་ལམ་སྟོན་ཡིག་ཆ་ཚད་ལྡན་ཞིག་བཟོ་རྒྱུ་དེ་ཡིན་པ་རེད། དེ་ལ་བརྟེན་ནས་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་གྱི་སློབ་ཚན་ཁག་ Australian Resuscitation Council ཚོགས་པའི་ལམ་སྟོན་ཡིག་ཆ་ལ་རྩ་འཛིན་བྱས་ཡོད་པ་རེད།

ཕིན་ལེབ་མག་ནེལ་ (Finlay MacNeil) ནི་ནད་པ་ལ་གཤེགས་བཅོས་བྱེད་མཁན་གྱི་སྨན་པ་ཞིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་ཀྱི་ Resuscitation Councils ཚོགས་པའི་འབྲེལ་མཐུད་པ་ཡིན་པ་རེད།
adult learners.jpg
First aid training courses typically incorporate classroom simulations to prepare trainees to deal with emergency situations.
St John ནི་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་གི་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་སྤྲོད་མཁན་རྒྱ་ཆེ་ཤོས་ཆགས་ཡོད་པ་རེད། དེ་བཞིན་རྒྱ་ཊམ་དམར་པོ་ཚོགས་པ་དང་། Surf Life Saving དང་། the Royal Life Saving སོགས་ཀྱིས་ཀྱང་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ཁུལ་ཁ་ཤས་ཀྱི་ནང་། སྔོན་ཆད་མྱུར་སྐྱོབ་རླངས་འཁོར་ཚོགས་པ་ཚོས་སྦྱོང་བརྡར་དེ་སྤྲོད་ཀྱིན་ཡོད་ནའང་། དེང་སྐབས་རེ་ཟུང་གིས་ད་དུང་མུ་མཐུད་ནས་སྤྲོད་ཀྱིན་ཡོད་པ་རེད།

ཆོག་མཆན་ཡོད་པའི་སྒེར་གྱི་ཚོགས་པ་ཚོས་ཀྱང་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད། སྒེར་གྱི་ཚོགས་པ་ནས་སྦྱོང་བརྡར་གྱི་སློབ་ཚན་ལེན་དགོས་བསམ་ཚེ། གཞུང་གི་ངོས་འཛིན་ཡོད་པའི་སྦྱོང་བརྡར་སྤྲོད་མཁན་གྱི་ཚོགས་པ་ལ་འབྲེལ་བ་བྱེད་དགོས་པ་རེད།

རང་ཉིད་ལ་འཚམ་པའི་སློབ་ཚན་དེ་ལེན་དགོས།

འཕྲལ་སེལ་སྨན་བཅོས་ཀྱི་སློབ་ཚན་མང་ཆེ་ཤོས་ནི་དངོས་སུ་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་ཀྱི་ཡོད་ནའང་། དྲ་ཐོག་ནས་སློབ་ཁྲིད་བྱེད་པ་དེ་འདྲའང་ཡོད་པ་རེད།
woman working on laptop.jpg
Some training providers offer one or more modules of first aid courses in video or webinar mode.
ཌ་པི་ལོ་ཝི་ (Deb Lowe) ནི་བྷི་རེ་སི་བྷན་ (Brisbane) ཁུལ་གྱི་རྒྱ་ཊམ་དམར་པོ་ཚོགས་པའི་ས་གནས་ཀྱི་འཕྲལ་སེལ་སྨན་བཅོས་ཀྱི་མགོ་བ་ཡིན་པ་རེད།

ཁོང་མོས། དངོས་སུ་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་པ་དང་། དྲ་ཐོག་ནས་སློབ་ཁྲིད་བྱེད་པ་གཉིས་ཀ་མཉམ་དུ་ཡོད་པ་ལ་ཁེ་ཕན་མང་པོ་ཡོད་སྐོར་བརྗོད་བྱུང་།

མི་ཁ་ཤས་ནི་འཛིན་གྲྭ་ཞིག་གི་སྐབས་ལ་ཁོམ་པ་མ་བྱུང་བ་དང་། སློབ་ཚན་དེ་ཤེས་པ་ལ་དུས་ཡུན་ལ་འགོར་བ། དེ་བཞིན་སློབ་ཚན་དེ་ཡང་བསྐྱར་ཀློག་དགོས་པ་སོགས་བྱེད་དགོས་ཀྱི་ཡོད་སྟབས། རང་ཉིད་ཀྱི་དུས་ཚོད་དང་བསྟུན་ནས་སློབ་སྦྱོང་བྱེད་པ་རེད།

ཡང་། དྲ་ཐོག་གི་སློབ་ཚན་ཁ་ཤས་ལ་ཡི་གེ་ཡི་ཐོག་ནས་འགྲེལ་བཤད་ཡོད་པ་དང་། སྐད་ཡིག་གཞན་གྱི་ཐོག་བསྒྱུར་ཐུབ་པའི་གནས་སྟངས་ཀྱང་ཡོད་པ་རེད།

ཕ་མ་དང་བྱིས་གཉོར་བ་ཚོས་བྱིས་པ་ཚོའི་ཆེད་དུ་དམིགས་བསལ་གྱི་འཕྲལ་སེལ་སྨན་བཅོས་ཀྱི་སྦྱོང་བརྡར་ལེན་ཆོག་གི་ཡོད་པ་རེད།


འཕྲལ་སེལ་སྨན་བཅོས་ཀྱི་སློབ་ཚན་ནང་ཚུད་པའི་ནང་དོན་ཁག
  • བྱིས་པ་ཚོར་དམིགས་ནས་འཕྲལ་སེལ་སྨན་བཅོས་བྱེད་ཐབས་དང་དབུགས་གསོ་ཐབས།
  • ཁྱིམ་ཚང་ནང་གི་བདེ་འཇགས་དང་ཉེན་ཁ་ཉུང་དུ་གཏོང་ཐབས།
  • ཁྲག་འཛག་པ་དང་དང་། མིད་པ་འགག་པ་སོགས་ཀྱི་ཆེད་འཕྲལ་སེལ་སྨན་བཅོས་བྱེད་ཐབས།
practising with dummy.jpg
Many organisations hold community first aid courses. Ask your doctor or maternal and child health nurse for more information.
འདི་ལྟ་བུའི་སྦྱོང་བརྡར་སྤྲོད་པའི་དམིགས་ཡུལ་ནི་གནས་ཚུལ་དེ་ཚོ་ཤེས་པ་ལ་བརྟེན་ནས་རང་ཉིད་ཀྱིས་ཕྲུ་གུ་གཉོར་སྐབས། སེམས་བདེ་པ་དང་གདེང་ཚོད་སྤྲོད་པ་རེད་ལ། གལ་སྲིད། མཁོ་གལ་བྱུང་ན། ཁ་པར་བརྒྱུད་ནས་སྨན་ཞབས་ཤིག་ལ་འབྲེལ་བ་བྱས་ནས་སྐད་ཆ་འདྲི་ས་ཞིག་ཀྱང་ཡོད་པ་ཤེས་ཐབས་བྱེད་ཆེད་ཡིན་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་། འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་གྱི་ལག་འཁྱེར་ལོ་གསུམ་རེའི་ནང་དུ་བསྐྱར་གསོ་བྱེད་དགོས་པ་དང་། ལོ་རེའི་ནང་དུ་ལག་ཐབས་སྤྱད་ནས་དབུགས་གསོ་ཐབས་ (CPR) དེ་བསྐྱར་སྦྱོང་རེ་བྱེད་པའི་རེ་སྐུལ་བྱེད་པ་རེད།
ལག་ཐབས་སྤྱད་ནས་དབུགས་གསོ་ཐབས་ (CPR) ཀྱི་ལག་རྩལ་དེ་བརྗེད་སླ་བོ་ཡོད་པ་རེད།
ཕིན་ལེབ་མག་ནེལ་ནི་ནད་པ་ལ་གཤེགས་བཅོས་བྱེད་མཁན་གྱི་སྨན་པ་ཞིག་ཡིན་པ་དང་། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་ཀྱི་ Resuscitation Councils ཚོགས་པའི་འབྲེལ་མཐུད་པ་ཡིན།
འཕྲལ་སེལ་སྨན་བཅོས་ཀྱི་སློབ་ཚན་གྱི་དུས་ཡུན་ནི་སློབ་ཚན་གྱི་ནང་དོན་དང་འབྲེལ་ནས་མི་གཅིག་པ་རེད། སློབ་ཚན་ཁ་ཤས་ཆུ་ཚོད་ཁ་ཤས་རིང་ཚར་འགྲོ་བ་དང་། ཡང་ཁ་ཤས་ཉིན་ཤས་རིང་ཡོད་པ་རེད། ཁ་ཤས་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། གཞན་གཞུང་གི་སྟངས་འཛིན་འོག་མེད་པ་རེད།
son father.jpg
It is estimated that only 5% of Australians have a current first aid certificate.
པཱ་ཁི་རི་ཌི་ (Buck Reed) ཡིས། འཕྲལ་སེལ་སྦྱོང་བརྡར་ལེན་མཁན་ཚོས་རང་ཉིད་ཀྱི་ཁོར་ཡུག་དང་གནས་སྟངས་ལ་དཔག་ནས་འབྲེལ་ཡོད་ཀྱི་སློབ་ཚན་དེ་ལེན་དགོས་སྐོར་བརྗོད་བྱུང་།

སྦྱོང་བརྡར་སྤྲོད་མཁན་གྱི་ཚོགས་པ་ཚོས་གནས་སྟངས་དང་ཁོར་ཡུག་ལ་དཔག་ནས་འབྲེལ་ཡོད་ཀྱི་སློབ་ཚན་ཁག་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དོན་རྐྱེན་འདྲ་མིན་ལ་དཔག་ནས་བསླ་གཞི་གཏན་འབེབ་བྱས་ཡོད་པ་རེད། གལ་སྲིད། ཁྱེད་རང་གི་ལས་ཀའི་དགོས་མཁོ་དང་བསྟུན་ནས་སློབ་ཚན་ལེན་གྱི་ཡོད་ཚེ། ལས་ཀ་དང་འབྲེལ་བའི་སྦྱོང་བརྡར་དེ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད།

གཞུང་གི་སྤྲོད་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ཕུད། གཞན། ཁེ་མེད་ཚོགས་པ་དང་། མྱུར་སྐྱོབ་རླངས་འཁོར་ཚོགས་པ་སོགས་ཀྱིས་ཀྱང་། རིན་མེད་ཀྱི་ཐོག་ནས་འཕྲལ་སེལ་སྨན་བཅོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

ཡང་པཱ་ཁི་རི་ཌི་ཡིས། སྦྱོང་བརྡར་སྤྲོད་མཁན་ལ་གསམས་ཀ་མང་པོ་ཡོད་པ་ཚང་མ་ལ་བལྟ་དགོས་སྐོར་བརྗོད་བྱུང་།

འབྲེལ་ཡོད་ཀྱི་གནས་ཚུལ་གཞན།

  • འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་ཞུ་བ་དང་འཕྲལ་སེལ་སྨན་བཅོས་བྱེད་པའི་གནས་ཚུལ་གྱི་ཐད་འདིར་གཟིགས།  
  • ཨོ་སི་ཊོ་ལི་ཡའི་རྒྱ་ཊམ་དམར་པོ་ཚོགས་པའི་རིན་མེད་ཀྱི་མཉེན་ཆས་ ཐོག་འཕྲལ་སེལ་སྨན་བཅོས་དང་དབུགས་གསོ་ཐབས་ CPC སྐོར་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད།
  • St John Ambulance མྱུར་སྐྱོབ་རླངས་འཁོར་ཚོགས་པའི་མཉེན་ཆས་ ཀྱི་ནང་། ཨ་རབ་དང་རྒྱ་ཡིག གྷི་རེ་ཁི་སོགས་ཀྱི་སྐད་ཀྱི་ནང་འཕྲལ་སེལ་སྨན་བཅོས་བྱེད་ཐབས་མཛུབ་ཁྲིད་བྱེད་པ་རེད།translated in Arabic, Traditional Chinese, Greek, Italian and Vietnamese. 
  • Raising Children Network ཀྱི་དྲ་ངོས་ལ་ཕྱིན་ཚེ་ཕྲུ་གུ་དམར་འབྱར། བྱིས་གཉོར་ཁང་དུ་ཡོད་པ་དང་སློབ་ཆུང་སློབ་མའི་ལོ་ཚོད་རྣམས་ལ་འཕྲལ་སེལ་སྨན་བཅོས་བྱེད་ཐབས་ཀྱི་གནས་ཚུལ་རྒྱས་པ་ཡོད་པ་རེད། , , and
ཛ་དྲག་གི་སྐབས་སུ། ཨང་གྲངས་ ༠༠༠ ལ་ཁ་པར་བཏང་ནས་རོགས་འབོད་བྱེད་དགོས་པ་དང་། ཁ་པར་བརྒྱུད་ནས་ཁྱེད་ལ་འཕྲལ་སེལ་སྨན་བཅོས་བྱེད་པ་ལ་རོགས་རམ་བྱེད་པ་རེད།

Share