ཨོ་སི་ཁྲུ་ལི་ཡའི་ནང་དམག་འཁྲུག་སྐོར་ལོ་རྒྱུས་ནང་མི་འགོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།

9189-AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

༡༩༡༤ ལོར་ཨོ་སི་ཁྲུ་ལི་ཡར་དབྱིན་ཇིས་མི་སེར་སྤེལ་ཡུལ་བྱས་པའི་སྐབས་སུ། མི་སེར་སྤེལ་མཁན་དང་ཨོ་སི་ཁྲུ་ལི་ཡའི་ས་གནས་གདོད་མའི་མི་རིགས་དབར་ལོ་བརྒྱ་ལྷག་གི་རིང་ལ་དྲག་པོའི་འཐབ་རྩོད་བྱས། ༡༩༡༤ ལོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱིས་རྒྱ་མཚོའི་ཕ་རོལ་དུ་དམག་འཁྲུག་ལ་ཞུགས་པ་རྣམས་ཆེ་མཐོང་བྱས་ཀྱང་། ད་ལྟའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་འདི་ཇི་ལྟར་ཆགས་པའི་འཐབ་རྩོད་ཀྱི་ལོ་རྒྱུས་ལ་ངོས་ལེན་བྱེད་ཐུབ་ཀྱི་མེད་པ་རེད།


གྲུ་དཔོན་ཇེམ་སི་ཁོ་ཁི་ James Cook ཡིས་ཐོག་མར་ཁོང་ཚོ་ད་ལྟའི་ཨོ་སི་ཁྲུ་ལི་ཡའི་མཚོ་འགྲམ་དུ་སླེབས་དུས། ཁོང་གིས་ས་གཞི་ཆེན་པོ་འདི་ལ་‘Terra Nullius’ <<ཐེ་རཱ་ནུ་ལཱ་སི་>>ཞེས་སུས་ཀྱང་བདག་ཏུ་བཟུང་མྱོངས་མེད་པའི་ས་ཆ་ཞེས་མིང་བཏགས། དོན་དངོས་སུ་གླིང་ཕྲན་འདིའི་སྟེང་དུ་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རིགས་དང་ཚོ་ཁག་མི་འདྲ་བ་བརྒྱ་ཕྲག་མང་པོ་གནས་སྡོད་བྱེད་ཀྱིན་ཡོད། གདོད་མའི་མི་རིགས་འབུམ་ཕྲག་མང་པོ་འཕྲལ་མ་ཉིད་དུ་དབྱིན་ཇིའི་མངའ་འབངས་སུ་བཅུགས།

འདི་ནི་མཐའ་མཚམས་དམག་འཁྲུག་གི་འབྱུང་རྐྱེན་དུ་གྱུར་ཅིང་། གདོད་མའི་མི་རིགས་དང་གཞིས་ཆགས་མི་མང་བར་གྱི་གདུག་རྩུབ་ཆེ་བའི་འཁྲུག་རྩོད་དེ་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་གསར་འཛུགས་ཀྱི་མཚོན་རྟགས་སུ་གྱུར་ཀྱང་། འཇིགས་སུ་རུང་བའི་དམག་འཁྲུག་གི་ལོ་རྒྱུས་དེ་ད་ལྟ་ངོས་ཟིན་པའི་འགོ་ཚུགས་ཡོད། 

གློག་བརྙན་བཟོ་སྐྲུན་པ་རེ་ཆལ་ཕེར་ཀིན་སི་ Rachel Perkins ནི་ ཡུ་རོབ་ཀྱི་ཕ་མེས་རྒྱུད་འཛིན་གྱི་བུད་མེད་ཅིག་ཡིན། ཁོ་མོས་ཕྱི་ལོ ༢༠༢༢ ལོར་བརྙན་འཕྲིན་ལེ་ཚན་ཞིག་གསར་སྤེལ་བྱས་ནས་དབྱིན་ཇིའི་མི་སེར་སྤེལ་མཁན་གྱི་བཙན་འཛུལ་ལ་གདོང་ལེན་བྱེད་ཆེད་དུ་ས་གནས་ཡུལ་བདག་མི་རིགས་ཀྱིས་འཐབ་རྩོད་བྱས་པའི་སྐོར་ཞིབ་ཕྲར་བཤད་ཡོད།

ཁོ་མོས་གློག་བརྙན་གྱི་མིང་ལ་<<ཨོ་སི་ཁྲུ་ལི་ཡའི་དམག་འཁྲུག་>>ཅེས་པ་དེ་ནས་འགོ་འཛུགས་བྱས་ཡོད། མི་རྣམས་ཀྱིས་སྔོན་ཆད་འདི་གོ་མྱོང་མེད་སྲིད། ཁ་བྱང་འདི་ང་ཚོས་ཆེད་དུ་བདམས་པ་ཡིན། རྒྱུ་མཚན་ནི་དམག་འཁྲུག་འདི་དག་ནི་ཐོག་མར་དབྱིན་ཇིའི་བཙན་རྒྱལ་གྱིས་གླིང་ཆེན་འདིར་བཙན་འཛུལ་དང་དེ་ནས་བདག་བཟུང་བྱས་པའི་བར་དུ་བྱུང་ཡོད། དེ་ནས་དེང་དུས་ཀྱི་ཨོ་སི་ཁྲུ་ལི་ཡའི་མི་སེར་སྤེལ་ཡུལ་གྱི་སྲིད་གཞུང་དག་གིས་མཇུག་བསྡུས་ནས་ཨོ་སི་ཁྲུ་ལི་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསར་འཛུགས་བྱས་པ་རེད་ཅེས་གསུངས། 

ཕྱི་ལོ ༡༧༨༨ ལོར་ཨོ་སི་ཁྲུ་ལི་ཡའི་མཚོ་དམག་གྲུ་གཟིངས་ཐོག་མར་འབྱོར་བ་ནས་བཟུང་། ཕྱི་ལོ ༡༩༣༠ ལོའི་ལོ་དཀྱིལ་བར་དུ་ཨོ་སི་ཁྲུ་ལི་ཡའི་གླིང་ཆེན་ཧྲིལ་པོར་དམག་འཁྲུག་བྱུང་རུང་། དུས་རབས་ཉི་ཤུ་པའི་མཇུག་བར་དུ་སློབ་གྲྭའི་ནང་དུ་དམག་འཁྲུག་དེ་དག་གི་སྐོར་མ་བཤད་ཅིང་། ཐ་ན་དེ་དག་དམག་འཁྲུག་ཡིན་པའི་ངོས་འཛིན་ཡང་བྱས་མེད། 

སློབ་དཔོན་ཆེན་མོ་ཧེན་རེ་རེ་ནོལ་ཌོ་ Henry Reynolds ལགས་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་སྨྲ་བ་ཆེས་གུས་བཀུར་ཐོབ་པའི་མི་སྣ་གཉིས་པ་དེ་ཡིན་ཞིང་དམག་འཁྲུག་སྐོར་ལ་མཁས་པ་ཞིག་ཀྱང་ཡིན། ཁོང་གིས་ཕྱི་ལོ ༡༩༦༦ ལོར་ལོ་རྒྱུས་འཆད་ཁྲིད་བྱེད་མགོ་བརྩམས་དུས། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་ཨེ་བྷོ་རི་ཇི་ནལ་ Aboriginal ཡུལ་མིའི་སྐོར་ཧ་ལམ་གླེང་མེད་པ་རེད། 

ཁོང་གིས་དེབ་དེའི་ནང་ཨ་བྷོ་རི་ཇིན་ Aborigines མི་རིགས་སྐོར་ཐེངས་གཉིས་ཙམ་ལས་གླེང་མེད་ལ་དེབ་དེའི་ནང་ཁོ་ཚོའི་སྐོར་གྱི་ཡིག་ཆ་གཅིག་ཀྱང་བཀོད་མེད་ལ་ཉེ་ཆར་ད་གཟོད་རྩོད་རྙོག་དེ་དམག་འཁྲུག་ཡིན་པའི་ཡོངས་ཁྱབ་ཀྱི་ཁས་ལེན་བྱུང་བ་རེད། དེ་ནི་དེང་རབས་ཀྱི་འཛམ་གླིང་གི་མི་རྣམས་ཀྱིས་ཤེས་རྟོགས་བྱུང་བའི་དམག་འཁྲུག་དེ་འདྲ་ཞིག་མ་རེད་ཅེས་གསུངས་འདུག 

རྒྱུ་མཚན་ནི་དམག་འཁྲུག་འདི་དག་འཇབ་དམག་གི་དམག་འཁྲུག་ཅིག་ཡིན་པ་རེད། 

སློབ་དཔོན་ཆེན་མོ་ཧེན་རེ་རེ་ནོལ་ཌོ་ Henry Reynolds ལགས་ཀྱིས།

ངའི་ལྟ་ཚུལ་ལ་འཁྲུག་འཛིང་དེ་ནི་དམག་འཁྲུག་ཅིག་ལ་བརྩི་རྒྱུར་ས་ཆ་ཆུང་དྲགས་པ་དང་ཁ་ཐོར་གྱི་དམག་འཁྲུག་ཅིག་རེད་འདུག དམག་ཆས་མེད་ལ་གོམ་བགྲོད་དམག་མི་ཡང་མེད། སྲོལ་རྒྱུན་གྱི་གོ་དོན་ནང་དམག་འཁྲུག་དང་སྒྲིག་འཛུགས་ཆེན་པོ་ཞིག་ནམ་ཡང་བྱུང་མེད། ཡིན་ན་ཡང་དེ་ནི་དམག་འཁྲུག་གི་རྣམ་པ་ཞིག་ཡིན་པ་གསལ་པོ་རེད་ཅེས་གསུངས་འདུག 

ལོ་རྒྱུས་སྨྲ་བ་ཌོ་ཊར་ནེ་ཀོ་ལཱ་ Dr. Nicholas Clements ལགས་ནི་ཨོ་སི་ཊོ་ལི་ཡའི་དམག་འཁྲུག་སྐོར་ཆེད་མཁས་པ་གཞན་པ་ཞིག་རེད། ཁོང་གིས་ཀྱང་གཅིག་གྱུར་མོས་མཐུན་གནང་དོན། 

ཁོང་གིས་མི་སེར་སྤེལ་ཡུལ་གྱི་ཡིག་ཆ་ཚང་མའི་ནང་དམག་འཁྲུག་ཅེས་བཀོད་ཡོད་ཀྱང་། དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་ང་ཚོས་དེའི་སྐོར་གྱི་མཐོང་རྒྱ་བརླགས་འདུག ངས་བལྟས་ན། མི་མང་པོ་ཞིག་གིས་དམག་འཁྲུག་ཡིན་པར་ངོས་འཛིན་བྱེད་མི་ཐུབ་པའི་རྒྱུ་མཚན་ནི། ད་དུང་དེའི་རྒྱབ་ལྗོངས་སུ་ཆབ་སྲིད་ཀྱི་རྒྱུ་མཚན་ཡོད་ཀྱི་རེད་བསམས་ཀྱི་ཡོད་ཅེས་གསུངས་འདུག 

ཆབ་སྲིད་ཀྱི་རྒྱུ་མཚན་དེ་དག་ནི་ས་སྡེ་རྩིས་མེད་ཀྱི་ལྟ་བ་དང་དབྱིན་ཇིའི་ཁྲིམས་ལུགས་ལ་ཁུངས་གཏུགས་ཡོད་པ་རེད་ཅེས་རེ་ཆལ་ཕེར་ཁེན་སི་ Rachel Perkins ལགས་ཀྱིས་འགྲེལ་བཤད་གནང་དོན།

དམག་འཁྲུག་དེ་དག་གི་ཁྲོད་དུ་འགལ་ཟླ་ཞིག་ཡོད་པ་ནི། དབྱིན་ཇིས་བཙན་འཛུལ་གྱི་སྐོར་ལ་འགྲེལ་བཤད་བྱེད་ཚུལ་ནས་འགོ་ཚུགས་ཏེ། ཁོ་ཚོས་དབྱིན་ཇིའི་མི་སེར་དུ་གྱུར་པའི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷོ་རི་ཇི་ནར་གྱི་མི་རྣམས་དབྱིན་ཇིའི་མི་སེར་ཡིན་པར་བསྒྲགས་པས་གཞུང་འབྲེལ་གྱི་ཐོག་ནས་དམག་འཁྲུག་གཏན་ནས་བསྒྲགས་ཐབས་མེད་ལ། དེ་ལྟར་བྱས་ན་རང་ཉིད་ཀྱི་མི་སེར་ལ་དམག་འཁྲུག་བསྒྲགས་པ་དང་གཉིས་སུ་མ་མཆིས། ཡིན་ནའང་། དབྱིན་ཇིས་དམག་དཔུང་ལ་བརྟེན་ནས་གླིང་ཆེན་འདི་བཙན་བཟུང་བྱས་ནས་རྒྱལ་ཁ་ཐོབ་པ་རེད་ཅེས་གསུངས་འདུག 

དམག་འཁྲུག་འདི་དག་ནི་ཕྱི་ལོ ༡༩༩༠ ལོའི་ལོ་རབས ༩༠ པའི་མགོ་སྟོད་དུ། ཁྲིམས་ལུགས་ཀྱི་ཐོག་ནས་ ‘Terra Nullius’ <<ཐེ་རཱ་ནུ་ལཱ་སི་>>ནི་ས་ཆ་ཞིག་སུ་གང་ལའང་བདག་མྱོངས་མེད་པར་གོ

དེ་ནི་ཁྲིམས་འགལ་དུ་བསྒྲགས་ནས་རྩིས་མེད་དུ་བཏང་བའི་རྗེས་སུ་ད་གཟོད་ངོས་ལེན་བྱེད་ཐུབ། སྐབས་དེར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མའེ་པོ་ Mabo ཐག་གཅོད་ཅེས་པའི་ཐག་གཅོད་དེ་བྱུང་བ་རེད་ཅེས་སློབ་དཔོན་ཆེན་མོ་རེ་ནོར་ཌིས་ Reynolds འགྲེལ་བཤད་གནང་དོན།

སྐབས་དེ་བར་དུ་ཨེ་བྷོ་རི་ཇི་ནེ་ Aborigines ཚོར་ས་ཞིང་བདག་དབང་མེད་སྟབས། ཁོ་ཚོར་ཁྲིམས་མཐུན་གྱི་ས་ཞིང་བདག་དབང་མེད་པས་ས་ཞིང་ལ་སྟངས་འཛིན་བྱེད་པའི་ཆེད་དུ་འཐབ་འཛིང་བྱེད་མི་ཐུབ། ༡༩༩༢ ལོ་དང་ཁྲིམས་ཀྱི་ཐག་གཅོད་དེའི་རྗེས་སུ་དམག་འཁྲུག་གི་ངོ་བོ་ལ་འགྱུར་བ་འགྲོ་དགོས་པར་གྱུར། ཅིའི་ཕྱིར་ཞེ་ན། དེ་ནི་དམག་འཁྲུག་གིས་རྟག་ཏུ་གླེང་སློང་བྱེད་བཞིན་པའི་གནད་དོན་ཏེ། མངའ་ཁོངས་ས་སྡེ་ལ་སྟངས་འཛིན་བྱེད་པའི་ཆེད་དུ་ཡིན་པ་གསལ་པོ་རེད་ཅེས་གསུངས་འདུག 

མཁས་དབང་ཁེ་ལེ་མེན་ཐི་ Dr Clements ཡིས་དབྱིན་ཇིའི་བཙན་རྒྱལ་གྱིས་ཨོ་སི་ཁྲུ་ལི་ཡའི་ནང་གི་གདོད་མའི་མི་རིགས་ཀྱི་ས་ཞིང་བདག་དབང་ལ་ངོས་འཛིན་མ་བྱས་པ་ནི་ལོ་རྒྱུས་ཁྲོད་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཞིག་ཡིན་སྐོར་བརྗོད་འདུག

དབྱིན་ཇིས་ཨོ་སི་ཁྲུ་ལི་ཡར་མི་སེར་སྤེལ་བ་དེའི་གཞི་རྩའི་གནད་དོན་ནི་ནོར་འཁྲུལ་ཅན་ཞིག་ཡིན་ཏེ། དབྱིན་ཇིས་མི་སེར་སྤེལ་ཡུལ་དུ་གྱུར་པའི་རྒྱལ་ཁབ་གཞན་དང་མི་འདྲ་བར་ཨོ་སི་ཁྲུ་ལི་ཡའི་ནང་གི་ས་གནས་ཡུལ་བདག་མི་རིགས་ཀྱི་བདག་དབང་ལ་ངོས་ལེན་བྱས་མེད་པ་དང་། ཆིངས་ཡིག་ཀྱང་བཞག་མེད་པས་ས་གནས་མི་མང་དང་གྲོས་མོལ་བྱེད་ཐབས་ཀྱང་མེད། ད་ལྟའི་བར་དུ་ང་ཚོས་ཁྲིམས་ལུགས་ཀྱི་ངོས་ནས་ཁོ་ཚོར་ས་ཞིང་གི་ཐོབ་ཐང་ཅི་ཞིག་ཡོད་མེད་ཤེས་ཐབས་སུ་འབད་བརྩོན་བྱས་ཡོད་ཅེས་གསུངས་འདུག 

གྲོས་མོལ་ལམ་ལྷོང་མ་བྱུང་བ་དེས་རྐྱེན་པས་མི་གསོད་ཁྲག་སྦྱོར་གྱི་གདུག་རྩུབ་ཀྱི་དོན་རྐྱེན་བྱུང་བ་དང་། ཆེད་མཁས་ཚོ་ཆུང་གིས་མི་སེར་སྤེལ་ཡུལ་གྱི་ལོ་རྒྱུས་དང་གནའ་དཔྱོད་རིག་པས་རྙེད་པའི་བདེན་དཔང་གིས་འཁྲུག་རྩོད་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། 

ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གཅིག་པུའི་ནང་དུ་ཨེ་བྷོ་རི་ཇི་ནར་ Aboriginal གྱི་མེས་པོ་རྣམས་ཀྱི་བེམ་པོ་བཞི་བརྒྱ་ལྷག་ཅིག་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་དམར་གསོད་དང་། སྐེ་བྲེགས་པ། མནར་གཅོད་བཏང་བའི་དབང་གིས་ཤི་བའི་བདེན་དཔང་མང་བོ་ཡོད་པ་དང་། རེ་ཆེལ་ཕར་ཁིང་སི་ Rachel Perkins ལགས་ཀྱིས་ད་ཆ་གསོན་པོར་གནས་པའི་མེས་པོ་དེ་དག་གི་བུ་རྒྱུད་རྣམས་ཀྱིས་ནམ་ཡང་དྲན་གསོ་བྱ་ངེས་ཡིན་ཞེས་གསུངས་འདུག

ཁོང་གིས་ང་ཚོའི་ཁྱིམ་ཚང་གི་ནང་དུ་བྱུང་བའི་དོན་རྐྱེན་རྣམས་ཨེ་བྷོ་རི་ཇི་ནལ་གྱི་མི་མང་གིས་ང་ཚོར་བརྒྱུད་སྤྲོད་བྱེད་ཀྱི་འདུག དེར་བརྟེན་ང་རང་འཚར་ལོངས་བྱུང་སྐབས་ཁུན་སི་ལན་ཌི་ Queensland ནང་དུ་རང་གི་མི་མང་སྡེབ་གསོད་བྱས་པ་དང་། ངའི་ཡང་རྨོ་ལ་བཙན་གཡེམ་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་ཀྱི་ཡོད་ཅེས་གསུངས་འདུག 

Tasmania ཏཱ་སི་མ་ནིང་ཨའི་དམག་འཁྲུག་ནག་པོ་ Black War ཞེས་པ་དེ་ཕྱི་ལོ ༡༨༢༤ ལོ་ནས་ཕྱི་ལོ ༡༨༣༡ ལོའི་བར་དུ་ལངས་པ་དང་། འདི་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་ཐོག་གི་ཆེས་ཛ་དྲག་གི་མཐའ་མཚམས་དམག་འཁྲུག་ཅིག་རེད་ཅེས་སློབ་དཔོན་

Dr Clements ཁལ་མེན་ཌི་སི་ལགས་ཀྱིས་འགྲེལ་བརྗོད་གནང་འདུག 

རེ་ཆར་ཕེར་ཁིན་གྱིས་ཨོ་སི་ཁྲུ་ལི་ཡའི་དམག་འཁྲུག་ཅེས་པའི་བརྙན་འཕྲིན་ལེ་ཚན་དུ་དམག་འཁྲུག་ནག་པོའི་སྐབས་སུ་ཏཱ་སི་མ་ནིང་ཨའི་མི་བསད་པ་ནི་དེ་སྔོན་ཀོ་རི་ཡ་དང་། མ་ལེ་ཞི་ཡ། ཨིན་ཌོ་ནེ་ཤི་ཡ། ཝེ་ཐི་ནམ། དེ་བཞིན་ཞི་བདེ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་མཁན་བཅས་ཀྱི་ནང་དུ་ཤི་བའི་མི་གྲངས་བསྡོམས་པ་ལས་མང་བ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

Share