ཨོ་སི་ཊོ་ལི་ཡའི་རིན་ཐང་བྲལ་བའི་འཐུང་ཆུའི་འབྱུང་ཁུངས་དང་ཐུན་མོང་མ་ཡིན་པའི་གནམ་གཤིས།

Climate_AusExpl_Social_1080x1350_LongLeftAligned.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡ་ནི་གླིང་ཆེན་ཚང་མའི་ནང་སྤྱི་ཡོངས་སྐམ་ཤས་ཆེ་ཤོས་དང་། ལོ་རེའི་ཆར་པའི་འབབ་ཚད་དང་། དྲོ་གྲང་གི་ཚད་གཞི། གནམ་གཤིས་སོགས་འགྱུར་ལྡོག་སོགས་ལོ་རེ་བཞིན་མ་འདྲ་བ་མ་འདྲ་ཡོང་གི་ཡོད། ལུང་པ་འདིའི་ནང་ཚ་བ་ཆེ་བའི་བྱང་ཁུལ་དང་། དྲོད་གཤེར་ལྡན་པའི་ལྷོ་ཕྱོགས་ཀྱི་ས་ཁུལ། ད་དུང་ཨོ་སི་ཊོ་ལི་ཡའི་ནང་ཚ་བ་དང་། ཐན་པ། ཆུ་ལོགས། རླུང་འཚུབ་སོགས་ཐལ་ཆ་ཆེ་བའི་གནམ་གཤིས་ཀྱི་འགྱུར་ལྡོག་མང་པོ་ཞིག་ཡོང་གི་ཡོད།


ཨོ་སི་ཊོ་ལི་ཡའི་ནང་གནམ་གཤིས་ཀྱི་འགྱུར་ལྡོག་མང་པོ་ཞིག་ནི་ཆུ་དཀོན་པའི་རྐྱེན་གྱིས་ཡོང་གི་ཡོད། དེ་ཡང་གནམ་གཤིས་འགྱུར་ལྡོག་དང་། ཤིང་ནག་མེས་འཚིགས་པ། ཐན་པ་སོགས་ཀྱིས་རྐྱེན་པས་རང་བྱུང་ཁོར་ཡུག་ལའང་གཏོར་བཤིགས་ཆེན་པོ་ཐེབས་ཀྱི་ཡོད་པས་ཐབས་ལམ་འདྲ་མིན་སྤྱད་ནས་རང་བྱུང་ཁོང་ཡུག་སྲུང་སྐྱོབ་བྱེད་ཐབས་འབད་བརྩོན་བྱ་རྒྱུ་གལ་ཆེན་ཆགས་ཡོད།

ཨོ་སི་ཊོ་ལི་ཡ་ནི་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན། དེ་ཡང་གནམ་གཤིས་འགྱུར་ལྡོག་དང་ཚ་གྲང་གི་གནས་སྟངས། ས་ཆའི་ཆགས་བབས་སོགས་ས་ཁམས་ཀྱི་གནས་བབས་གཞིར་བཟུང་ནས་མི་གནས་སྡོད་བྱས་ཡོད། 

སྔ་མོ་ཕྱི་ལོ་ ༡༩༠༠ ཡི་དུས་འགོར་ལ་ཨོ་སི་ཊོ་ལི་ཡའི་སྙན་ངག་མ་ཌོ་རོ་ཐེ་མེ་ཁེ་ལར་ Dorothea Mackellar ཡིས་བྲིས་པའི་གྲགས་ཅན་རྩོམ་ཡིག་”ངའི་རྒྱལ་ཁབ་” མཛེས་སྡུག་དང་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་སྨུག་པོ་འདི་བདག་ཏུ་བཟུང་ཡོད་ཅེས་བྲིས་ཡོད། 

ཨོ་སི་ཊོ་ལི་ཡའི་ཇི་བཞིན་བརྗོད་པའི་འགྲེལ་བརྗོད་དེ་ད་ལྟའི་དུས་འདིར་མངོན་སུམ་རྒྱུན་བསྲིངས་ཡོད།

ཁེ་ཐེ་རན་གྷན་ཊེར་ Catherine Ganter ལགས་ནི་གནམ་གཤིས་བརྟག་དཔྱད་ཁང་གི་གནམ་གཤིས་རིག་པ་བ་རྒན་པ་ཞིག་རེད། ཁོ་མོས་ཨོ་སི་ཊོ་ལི་ཡའི་ནང་ཐལ་ཆ་ཆེ་བའི་གནམ་གཤིས་ཁག་ཅིག་གི་སྐོར་འགྲེལ་བརྗོད་གནང་དོན།

ཨོ་སི་ཊོ་ལི་ཡ་ནི་ཐན་པ་དང་ཆུ་ལོག་ཤུགས་ཆེ་རྒྱུགས་སའི་ལུང་པ་ཞིག་རེད། མཚམས་རེར་ལོ་མང་པོའི་རིང་ཐན་པ་བསྟན་ནས་དེས་གནམ་གཤིས་ཚ་བ་ཆེ་རུ་འགྲོ་བས་མ་ཚད། མེ་སྐྱོན་གྱི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད་ཀྱི་ཡོད། འོན་ཀྱང་དེའི་རྗེས་སུ་ཆར་པ་ཤུགས་ཆེ་བབས་ནས་ཆུ་ལོག་འབྱུང་སྲིད། ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ཁུལ་དུ་ཆར་དུས་སུ་རླུང་འཚུབ་ཀྱི་ཉེན་ཁ་ཡང་ཆེན་པོ་ཡོད། གཞན་ཡང་ཨོ་སི་ཊོ་ལི་ཡའི་ནང་འབྲུག་གློག་འཁྱུག་པ་དང་། དྲག་ཆ་དང་སེར་ར་སོགས་ཀྱི་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་ནང་དོན་དངོས་ཀྱི་གནས་སྟངས་ཁ་ཤས་ཤིག་གིས་རྐྱེན་པས་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བཟོ་བཞིན་ཡོད། 

མཚམས་རེར་དཔེར་ན་ཧིན་དྷུ་རྒྱ་མཚོའི་སྟེས་དབང་འགྱུར་ལྡོག་གིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ནང་གནམ་གཤིས་ལའང་འགྱུར་བ་དང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་ནི་འཛམ་གླིང་ནང་ས་ཁྱོན་ཆེ་ཤོས་རྒྱལ་ཁབ་དྲུག་པ་དེ་ཆགས་ཡོད། ཡིན་ན་ཡང་ས་ཁྱོན་སྤྱི་ལེ་གྲུ་བཞིན་མ་ས་ཡ་ ༧་༥ ཙམ་ཡོད་མེད་ལ་མ་བལྟོས་པར་འཛམ་གླིང་སྤྱི་ཡོངས་ཀྱི་ས་ཁྱོན་ལས་བརྒྱ་ཆ་ ༥ མ་གཏོགས་ཟིན་གྱི་མེད།

ཨོ་སི་ཊོ་ལི་ཡ་ནི་ས་ཁྱོན་ཆེ་བའི་ལུང་པ་ཞིག་ཡིན་པ་དང་། བྱང་ཕྱོགས་ཚ་དྲོད་ཆེ་ས་ནས་ལྷོ་མཐའ་ཅུང་དྲོ་འཇམ་ལྡན་པའི་ས་ཐིག་དབར་ས་གནས་ཁག་གི་ནང་ཉི་འོད་དང་། གནམ་གཤིས་ཀྱི་གནས་སྟངས། ཆར་པ་འབབ་ཚད།  ས་བབ་བཅས་ཧ་ཅང་མི་འདྲ་བ་ཡོད་པས་རྐྱེན་གྱིས་ཨོ་སི་ཊོ་ལི་ཡའི་ནང་ས་གནས་མི་འདྲ་བ་ཁོར་ཡུག་དང་གནམ་གཤིས་ཀྱི་འགྱུར་ལྡོག་མི་འདྲ་བ་མང་པོ་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

ཀྱི་ཚད་ཐིག་ནི་ས་གནས་དེའི་དྲོད་ཚད་དང་རླན་ཚད། སྔོ་ལྗང་། དུས་ཚིགས་རང་བཞིན་གྱི་ཆར་འབབ་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དབྱེ་བ་ཕྱི་བཞིན་ཡོད། ཨོ་སི་ཊོ་ལི་ཡའི་གནམ་གཤིས་ཀྱི་དུས་ཚིགས་ནི་ས་ཁུལ་སོ་སོར་མི་འདྲ་བ་མི་འདྲ་བ་ཡོད་པ་རེད།

 ཨོ་སི་ཊོ་ལི་ཡ་ནི་སའི་གོ་ལའི་ཕྱེད་ལྷོ་མ་རུ་གནས་ཡོད། དེའི་གོ་དོན་ནི་བྱང་ཨ་མི་རི་ཁ་དང་། ཡོ་རོབ། ཨེ་ཤེ་ཡ་གླིང་ཆེན་བཅས་ནས་བརྩིས་ན་བྱང་ཁུལ་དུ་གནས་ཡོད་པས་དུས་ཚིགས་ཁག་ལུང་པ་དེ་ཚོ་དང་རྦད་དེ་མ་འདྲ་བ་ཆགས་ཡོད། ཨོི་སི་ཊོ་ལ་ཡའི་ལྷོ་ཕྱོགས་ལ་དབྱར་ཁ། སྟོན་ཁ། དགུན་ཁ། དཔྱིད་ཀ་བཅས་ཡོད་པ་དང་། དབྱར་ཁའི་དུས་ཚིགས་ནི་ཕྱི་ཟླ་ ༡༢ ནས་ ༢ པ་བར་ཡིན།  ཡིན་ན་ཡང་ཨོ་སི་ཊོ་ལི་ཡ་བྱང་ཕྱོགས་ཁུལ་དུ་དུས་ཚིགས་གཉིས་ལས་མེད་པ་རེད། བརླན་བཤེར་གྱི་དུས་ཚིགས་ནི་ཕྱི་ཟླ་ ༡༠ པ་ནས་ ༤ པ་བར་དང་། སྐམ་ཤས་ཆེ་བའི་དུས་ཚིགས་ནི་ཕྱི་ཟླ་ ༥ པ་ནས་  ༩ པ་བར་ཆགས་ཡོད་པ་རེད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནལ་དང་ཐོ་རི་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་ཨོ་སི་ཊོ་ལི་ཡའི་ས་ཁུལ་མ་འདྲ་བའི་ཁོར་ཡུག་དང་གནམ་གཤིས་ཀྱི་འགྱུར་ལྡོག་ངོས་འཛིན་དང་ཤེས་རྟོགས་


Share