ཁུངས་ལྡན་མིན་པའི་གསར་འགྱུར་དང་གནས་ཚུལ་རྫུན་མར་དོག་ཟོན་བྱེད་སྟངས།

MISINFO_AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

དེང་སང་གི་དུས་ཚོད་འདིར་སྤྱི་ཚོགས་ཁྲོད་གནས་ཚུལ་རྫུན་མ་རྣམས་གློག་འཁྱུག་པ་ནང་བཞིན་སྐད་ཅིག་ཉིད་ལ་ཁྱབ་ནས་འགྲོ་བཞིན་ཡོད་པས། མི་རྣམས་གནས་ཚུལ་རྫུན་མ་ལ་གདོང་ལེན་བྱ་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད།


སྤྱི་ཚོགས་ནང་གནས་ཚུལ་རྫུན་མ་དང་ཡང་ན་གནས་ཚུལ་ཁུངས་ལྡན་མིན་པ་གང་ཞིག་ཡིན་རུང་དེ་དག་གི་ཤུགས་རྐྱེན་ནི་གཅིག་པ་ཆགས་ཀྱི་ཡོད། མི་ཚོས་དོན་དངོས་འཁྱོག་བཤད་ཀྱིས་མིའི་བསམ་བློ་འགྱུར་བ་གཏོང་བཞིན་ཡོད་པ་དང་། མཚམས་རེར་མི་ཚོས་དེ་ལ་ཡིད་ཆེས་ཤུགས་ཆེ་བྱེད་པ། གནས་ཚུལ་རྫུན་མས་མཐའ་ན་ཛ་དྲག་གི་ཐག་གཅོད་རིགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཀྱི་ཡོད།

དེ་རིང་གནས་ཚུལ་རྙོག་འཛིང་ཆེ་བའི་བརྗོད་གཞི་དེའི་སྐོར་དཔྱད་གླེང་དང་གནས་ཚུལ་དེ་དག་གི་འབྱུང་ཁུངས་གསལ་སྟོན། གནས་ཚུལ་རྫུན་མའི་རྒྱབ་ཀྱི་གསང་བ་དང་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་སྐོར་འགྲེལ་བརྗོད་ཞུ་རྒྱུ་ཡིན།

དེང་གི་གློག་འཕྲུལ་གྱི་དུས་རབས་འདིར་གནས་ཚུལ་རྫུན་མ་ནི་འཛམ་གླིང་ནང་དཀའ་ངལ་དང་གདོང་ལེན་ཆེ་ཤོས་ཤིག་ཆགས་ཡོད། འོན་ཀྱང་དེ་དོན་ངོ་མ་ག་རེ་ཡིན་ནམ།

ལྕམ་སུ་ཤེ་དྷ་སི་ལགས་ནི་ RMIT ཞེས་གནས་ཚུལ་རྫུན་མ་ཞིབ་འཇུག་བྱེད་མཁན་གྱི་ལྟེ་གནས་མེལ་བྷོན་རོ་ཡོལ་ཚན་རྩལ་སློབ་གཉེར་ཁང་ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་ཞིག་རེད་ཁོང་མོས་འགྲེལ་བརྗོད་གནང་དོན།

ཁོ་མོས་ནོར་འཁྲུལ་ཅན་གྱི་གནས་ཚུལ་ནི་གནས་ཚུལ་བདེན་པ་མ་ཡིན་པ་ཞིག་མི་ཚོས་དེ་ནི་གནས་ཚུལ་རྫུན་མ་ཡིན་པ་མ་ཤེས་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་རྫུན་མ་ནི་མི་ཞིག་གིས་ཆེད་དུ་མི་གཞན་ལ་དམིགས་ནས་བཟོས་པ་དེ་འདྲ་རེད། ཁོང་ཚོས་དེ་འདྲ་བཟོ་དགོས་དོན་ནི་རྩེད་མོ་རྩེ་བའམ། ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་བ། ཡང་ན་སྒོར་མོའི་དོན་དུ་དེ་ལྟ་ཀློག་བྱེད་པའི་ཆེད་དུ་བཟོས་པ་དེ་འདྲ་རེད་ཅེས་གསུངས་འདུག

ཆ་འཕྲིན་གནས་ཚུལ་བདེན་པ་ཡིན་མིན་ཞིབ་འཇུག་བྱེད་མཁན་དཔེར་ན་ལྕམ་སུ་ཤེ་དྷ་སེ་དང་ཁོ་མོའི་ལས་རོགས་ཚོས་སྤྱི་ཚོགས་བརྒྱུད་ལམ་གྱི་དྲ་ཚིགས་ཐོག་གནས་ཚུལ་ཁག་བསྐྱར་ཞིབ་བྱས་སྐབས། གནས་ཚུལ་མང་པོ་ཞིག་ཆ་འཕྲིན་ནོར་འཁྲུལ་ཅན་དང་ཡང་ན་གནས་ཚུལ་རྫུན་མ་ཡིན་པའི་ངོས་འཛིན་ར་འཕྲོད་བྱུང་ཡོད་འདུག

ཁོང་ཚོས་ཞིབ་འཇུག་མཐིལ་ཕྱིན་བྱས་རྗེས་གནས་ཚུལ་གང་འདྲ་ལྷག་གི་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་མི་མང་ལ་ངོ་སྤྲོད་བྱས་འདུག

ལྕམ་དྷ་སེ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་གནས་ཚུལ་ནོར་འཁྲུལ་ཅན་དང་གནས་ཚུལ་རྫུན་མ་མང་པོ་ཞིག་མཉམ་དུ་འདྲེས་ནས་ཡོད་པར་ངོས་འཛིན་བྱུང་ཡོད་ཅིང་། ཁོ་མོས་ད་ལྟའི་ཆར་གྱི་གནས་ཚུལ་དང་གསར་འགྱུར་རྫུན་མ་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་ཁག་གི་ནང་ནས་ཁྱབ་ཀྱི་ཡོད་སྐོར་བརྗོད་འདུག

ཁོ་མོས་དཔེར་ན་ད་ལྟའི་ཆར་རཱ་ཤི་ཡ་དང་ཡུ་ཁེ་རན་གཉིས་དབར་དམག་འཁྲུག་རྒྱག་གི་ཡོད་པ་རེད། དེ་འདྲ་སོང་ཙམ་གནས་ཚུལ་ནོར་འཁྲུལ་ཅན་དང་གནས་ཚུལ་རྫུན་མ་མང་པོ་ཞིག་དམག་འཁྲུག་གི་མཐའ་སྐོར་ནས་ཁྱབ་འགྲོ་བཞིན་ཡོད་པ་རེད། མ་ཚད་དཀྱིལ་ཤར་ཁུལ་དུ་ཡང་དབྱི་ཟི་རལ་དང་པཱ་ལེ་སི་ཐན་གཉིས་དབར་དམག་འཁྲུག་རྒྱག་བཞིན་པའི་གནས་སྟངས་ཆགས་ཡོད། དེ་ལ་ཡང་གནས་ཚུལ་ནོར་འཁྲུལ་ཅན་དང་གནས་ཚུལ་རྫུན་མ་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད། རྒྱུན་དུ་ང་ཚོས་ཀྱང་སྒོར་མོ་བརྐུ་མཁན་དེ་འདྲ་དང་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་རྫུན་མ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་རེད་ཅེས་གསུངས་འདུག

ཌོ་ཊར་ཊེ་མོ་ཐི་གྷར་ཧམ་ Dr Timothy Graham ལགས་ནི་ཁུན་སི་ལན་ཌི་ཚན་རྩལ་གཙུག་ལག་སློབ་གཉེར་ཁང་གི་བརྡ་འཕྲིན་སྐོར་སློབ་དཔོན་གཞོན་པ་ཞིག་རེད། ་ཁོང་གིས་མཚམས་རེར་སྤྱི་ཚོགས་དྲ་བའི་བརྒྱུད་ལམ་དེ་ཚོའི་ཐོག་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་ཐད་ནུས་པ་ཤུགས་ཆེ་ཐོན་བཞིན་ཡོད་སྐོར་བརྗོད་འདུག

ཁོང་གིས་སྤྱི་ཚོགས་དྲ་ལམ་ཐོག་སྤེལ་བའི་གནས་ཚུལ་རྣམས་འགོག་ཐབས་མེད་པར་མི་རྣམས་ཀྱི་མདུན་དུ་ཡོང་གི་ཡོད་པ་དང་། འགྲོ་བ་མི་རྣམས་ནི་སྤྱི་ཚོགས་རང་བཞིན་གྱི་འཚོ་གནས་བྱེད་མཁན་ཞིག་དང་སེམས་ཚོར་ཅན་ཞིག་ལས་གྲུབ་ཡོད། སྤྱི་ཚོགས་དྲ་ལམ་ནང་ཁྱབ་པའི་གནས་ཚུལ་དེ་ཡིད་དུ་འོངས་བ་དང་རྣམ་པ་སྙིང་རྗེ་མོ་གང་འདྲ་ཞིག་ཡིན་རུང་དེ་དོན་དངོས་དང་བདེན་པ་ཡིན་པའི་ངེས་པ་མེད། ངའི་བསམས་པར་སྤྱི་ཚོགས་དྲ་ལམ་གྱི་སྡིང་ཆ་ཁག་ནི་གནས་ཚུལ་ཞིག་རྒྱ་ཁྱབ་ཇེ་ཆེར་དང་དེ་མ་ཐག་མི་རྣམས་ཀྱི་དོ་སྣང་སླེབས་ཀྱི་ཡོད་པ་དང་། གནས་ཚུལ་དེ་ཡ་མཚན་པོ་དང་གནས་ཚུལ་དེ་ངན་ཕྱོགས་སོགས་གང་ཡིན་ཡང་། ཁོང་ཚོས་དེ་མ་ཐག་བརྒྱུད་བསྐུལ་གྱིས་མི་གཞན་དག་ཀྱང་དེའི་ཐད་སེམས་ཚོར་དང་དོས་སྣང་སླེབས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་སིཌ་ནིང་བརྟེན་གཞི་བྱས་པའི་སྤྱོད་ལམ་སྐོར་གྱི་ཚན་རིག་པ་ཌོ་ཊར་དྷ་རན་ཀོ་ཕིན་ Dr Darren Coppin ལགས་ཀྱིས་གནས་ཚུལ་ཞིག་ཁྱབ་སྤེལ་མ་བྱས་གོང་ལ་གནས་ཚུལ་དེ་བདེན་པ་ཡིན་མིན་ཞིབ་འཇུག་ནན་ཏན་བྱེད་དགོས་ཀྱི་ཡོད་སྐོར་གསུངས་འདུག

ཁོང་གིས་གནས་ཚུལ་ཞིག་ཁྱབ་སྤེལ་དང་བརྒྱུད་བསྐུར་མ་བྱས་གོང་ལ་ངས་གནས་ཚུལ་འདི་བསྐྱར་དུ་སྤེལ་དགོས་ཀྱི་འདུག་གམ་མི་འདུག གནས་ཚུལ་འདི་སྤེལ་བ་ཡིན་ན་མི་ཞིག་གི་ངོ་གདོང་སྤྱི་ཚོགས་ནང་ལ་དོ་ཕོག་འགྲོ་གི་ཡོད་མེད་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། གལ་སྲིད་ད་དུང་ཁྱེད་རང་གི་ཐག་མ་ཆོད་ཚེ་གནས་ཚུལ་དེ་བསྐྱར་སྤེལ་དང་བརྒྱུད་བསྐུལ་བྱེད་མི་རུང་། གང་ཡིན་ཟེར་ན་གནས་ཚུལ་དེ་རྫུན་མ་དེ་འདྲ་ཞིག་ཡིན་ཚེ་ཁྱེད་རང་གིས་གནས་ཚུལ་རྫུན་མ་དེ་སྔ་ལས་ཁྱབ་ཆེ་བ་བཟོ་བཞིན་ཡོད་པ་རེད། གཉིས་ནི་གནས་ཚུལ་དེ་བདེན་པ་ཡིན་མིན་ཁྱེད་རང་ངོས་ནས་ཞིབ་འཇུག་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Share