ཚོང་ལས་ཁང་ཁག་བསྐྱར་ཞིབ་ཀྱིས་ཆད་པ་དང་བྱ་སྤྱོད་དོ་དམ་ནན་མོ་བྱ་རྒྱུ།

Report: supermarket chain Albert Heijn

AMSTERDAM - Products on the belt at a checkout in an Albert Heijn supermarket on Gelderlandplein. ANP ROBIN VAN LONKHUIJSEN netherlands out - belgium out(Photo by Robin van Lonkhuijsen/ANP/Sipa USA) Credit: ANP/Sipa USA

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་ཚོང་ལས་ཁྲོམ་ར་ supermarket ཁག་གིས་ཞིང་པ་རྩ་ནས་ཁེ་བཟང་ཚད་ས་བརྒལ་བ་བླངས་བཞིན་པར་སྔོན་འགོག་ཆེད་ཚོང་ལས་ཁང་ཁག་བསྐྱར་ཞིབ་དང་བྱ་སྤྱོད་ལག་བསྟར་ཐད་གཏན་འབེབས་བྱེད་དགོས་པའི་བསམ་ཚུལ་བཏོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག


ཡིན་ན་ཡང་སྔོན་མ་ངལ་རྩོལ་ཚོགས་པའི་བློན་ཆེན་ཟུར་པ་གྷེར་ཨེ་མར་སོན་ Craig Emerson ཡིས་སྣེ་ཁྲིད་པའི་རང་འདེམས་ཚོང་ལས་ཁང་ Woolworths དང་ Coles སོགས་ལ་བསྐྱར་ཞིབ་ལས་དོན་དེ་ནུས་པ་ཇི་བཞིན་མ་ཐོན་པར་མཚམས་འཇོག་བྱེད་དགོས་འཁེལ་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ཀུ་ཤུ་རིགས་དུས་ཚིགས་འཁེལ་ནས་མངག་ཉོ་བྱེད་མཁན་མང་པོ་ཡོད་ཀྱང་། ཀུ་ཤུ་འདེབས་འཛུགས་བྱེད་མཁན་དཔེར་ན་ཨན་ཕེར་སི་ Ian Pearce ཡིས་ཁོང་ཚོའི་ཁེ་བཟང་དང་གོང་ཚད་མར་ཆགས་བཞིན་ཡོད་སྐོར་བརྗོད་འདུག

ཁོང་གིས་འདས་པའི་ལོ་འགའ་ཤས་ནང་ཁེ་བཟང་ཡག་པོ་མེད་པ་དང་། དཔེར་ན་ཀུ་ཤུ་ལ་ཆ་མཚོན་ན་འདས་པའི་ལོ་ ༡༢ དང་ ༡༣ ནང་རིན་གོང་དེ་ཙམ་འཕར་ཡོད་མ་རེད། ཡིན་ན་ཡང་ངལ་རྩོལ་བྱེད་མཁན་ལ་གླ་ཆ་བརྒྱ་ཆ་ ༥༢ ཙམ་ཡར་འཕར་ཡོད་པ་རེད་ཅེས་གསུངས་འདུག 

ཚོང་ཁང་བདག་པོ་ཚོས་ཀྱང་ཁོང་ཚོ་ལའང་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་སྐོར་བརྗོད་འདུག དངོས་ཟོག་ཉོ་མཁན་མང་པོ་ཞིག་གིས་ཀྱང་ད་ལྟའི་ཆར་འཚོ་བའི་འགྲོ་གྲོན་དང་རིན་གོང་ཤུགས་ཆེར་འཕར་ཡོད་པའི་དེའི་འགན་འཁྲི་ཐད་བསྐྱར་ཞིབ་བྱེད་དགོས་སྐོར་ཡང་བརྗོད་བཞིན་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་ནང་ཟས་རིགས་ཀྱི་ཚོང་ལས་ཁང་ཆེ་ཤོས་ Coles དང་ Woolworth གཉིས་ཀས་ལོ་སྔོན་མར་ཁེ་འབབ་ཨོ་སྒོར་ཐེར་འབུམ་བཟོས་ཡོད་འདུག་པ་དང་། ཟས་རིགས་ཀྱི་རིན་གོང་ཤུགས་ཆེ་སྤར་བ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ད་ལྟའི་ཆར་ཚོང་ལས་ཁང་དང་དངོས་ཟོག་མཁོ་སྤྲོད་བྱེད་མཁན་དབར་གྱི་འབྲེལ་བ་དང་ལག་ལེན་བྱ་སྤྱོད་ཐད་ཞིབ་བཤེར་བྱ་རྒྱུའི་བསམ་ཚུལ་བཏོན་བཞིན་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་ནོར་སྲིད་བློན་ཆེན་ཇིམ་ཆལ་མལ་སི་ Jim Chalmers ལགས་ཀྱིས་ཚོང་ལས་ཁྲོམ་ར་བསྐྱར་ཞིབ་དགོས་པའི་སྙན་ཞུར་དགའ་བསུ་དང་། ད་དུང་གནད་དོན་དེའི་འགན་འཁྲི་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་བྱས་འདུག 

ཁོང་གིས་འདི་ཚང་མ་ནི་ཞིང་པ་དང་ཁྱིམ་ཚང་རྣམས་ལ་དྲང་བདེན་ཡོང་ཆེད་དང་། ལག་ལེན་སྟབས་བདེ་དུ་ཡོང་ཆེད། ད་དུང་ང་ཚོས་བྱ་བ་ནོར་འཁྲུལ་ཅན་ལ་ཆད་པ་གཅོད་ཐབས་སོགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག 

ཚོང་ལས་ལག་ལེན་གྱི་བྱ་སྤྱོད་སྒྲིག་གཞི་འགྱུར་བ་དེའི་བརྒྱུད་ཚོང་ལས་ཁང་ཁག་ལ་ལོ་མཇུག་ཏུ་བརྒྱ་ཆ་ ༡༠ དང་ཡང་ན་ཨོ་སྒོར་ས་ཡ་ ༡༠ མན་ཆད་པ་ཕོག་སྲིད་ཀྱི་ཡོད་འདུག 

ཨོ་སི་ཊོ་ལི་ཡའི་ནང་ཟས་རིགས་ཀྱི་ཚོང་ལས་ཁང་ཆེ་ཤོས་ Coles དང་ Woolworths སོགས་ཆ་མཚོན་ན་ལོ་རེར་ཚོང་ལས་ཨོ་སྒོར་ཐེར་འབུམ་ ༤ ལྷག་ཆགས་ཀྱི་ཡོད་འདུག 

སྔོན་མ་ངལ་རྩོལ་ཚོགས་པའི་བློན་ཆེན་ཟུར་པ་གྷེར་ཨེ་མར་སོན་ Craig Emerson ཡིས་སྣེ་ཁྲིད་པའི་ཚོང་ལས་རང་འདེམས་ཁྲོམ་ར་བསྐྱར་ཞིབ་ཐད་ ཆད་པ་ནན་པོ་བཅད་ན་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་བཀག་འགོག་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད་འདུག

གལ་སྲིད་ཁྱེད་རང་ཁྲིམས་སར་འགྲོ་རྒྱུར་འཇིགས་སྣང་བྱུང་ཚེ་ཁྱེད་རང་གི་བྱ་སྤྱོད་ལ་འགྱུར་ལྡོག་གཏོང་སྲིད། གལ་སྲིད་ཁྲིམས་ཁང་གི་ཁྲིམས་ཆད་ནན་མོ་དེ་འདྲ་གཅོད་ཚེ་ཨོ་སི་ཊོ་ལི་ཡའི་ཚོང་ལས་ཀྱི་ལོ་རྒྱུས་ཐོག་ཆད་པ་ཆེ་ཤོས་ཆགས་སྲིད་པས་དེས་མ་འོངས་པར་བྱ་སྤྱོད་ནོར་འཁྲུལ་སྔོན་འགོག་ལ་ཕན་ཐོགས་ཏན་ཏན་ཡོང་གི་རེད་ཅེས་བརྗོད་འདུག

Share