ཁྱེད་རང་ལ་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་འགན་ལེན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་ནམ།

Health Insurance-AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ལ་དུས་རྒྱུན་འཕྲོད་བསྟེན་ཞབས་ཞུ་ཡག་པོ་དང་སྨན་བཅོས་གོང་ཁེ་པོ་ཡིན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་ཅིག་ཡོད་ནི་ཨོ་སི་ཊོ་ལི་ཡའི་མི་རྣམས་སྐལ་བ་བཟང་པོ་ཡིན། མ་ཚད་མི་མང་གིས་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ Private Health Insurance བཟོ་བའི་གདམ་ཀ་ཡང་ཡོད་པ་རེད། སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་བཟོས་ཚེ་སྨན་པར་བསྟེན་གཏུགས་སྐབས་དུས་ཡུན་རིང་པོ་སྒུག་མི་དགོས་པ་དང་། སྨན་ཁང་དང་ཆེད་ལས་སྨན་པ་གདམ་ཀ་ཡང་བྱེད་ཆོག ཨོ་སི་ཊོ་ལི་ཡའི་མི་མང་བརྒྱ་ཆ་ལྔ་བཅུ་ང་ལྔས་འཕྲོད་བསྟེན་ཐེབས་རྩ་ནང་ཞུགས་ཡོད་པ་དང་། སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ཞབས་ཞུ་དེ་རང་ཉིད་ཀྱི་གནས་སྟངས་དང་འཚམ་པོ་ཡོད་མེད་བསམ་གཞིགས་དང་ཞིབ་འཇུག་བྱེད་ཆོག


གཞུང་གི་འཕྲོད་བསྟེན་ལྟ་སྐྱོང་ HealthCare དང་སྤྱི་པའི་སྨན་ཁང་གིས་རིན་མེད་དམ་རིན་གོང་ཁེ་པོས་འཕྲོད་བསྟེན་ལྟ་སྐྱོང་བྱེད་ཀྱི་ཡོད་ཀྱང་། ང་ཚོས་ཅིའི་ཕྱིར་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ལ་དངུལ་སྤྲོད་དགོས་པ་རེད་དམ།

ཉེན་སྲུང་ལྟ་སྐྱོང་གི་དྲྭ་ཚིགས་ Finder གྱི་ཆེད་མཁས་པ་ཊིམ་བྷ་ནེ་ཐི་ Tim Bennett ཡིས་འཕྲོད་བསྟེན་ལྟ་སྐྱོང་གིས་ང་ཚོ་གསོན་ཐབས་བྱེད་ཀྱི་ཡོད་ཀྱང་། དེས་ཡོད་ཚད་འགན་ལེན་བྱེད་མི་ཐུབ་ཅེས་གསུངས་འདུག

ཁོང་གིས་དོན་དངོས་ཐོག་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་འཕྲོད་བསྟེན་མ་ལག་ནི་འཛམ་གླིང་ནང་ཡག་ཤོས་ཤིག་ཡིན། འོན་ཀྱང་དེས་ཡོད་ཚད་ལ་འགན་ལེན་བྱེད་ཐུབ་ཀྱི་མེད། དཔེར་ན། སོ་སྨན་བཅོས་ནི་འཕྲོད་བསྟེན་ལྟ་སྐྱོང་གི་ཁོངས་སུ་འདུས་ཀྱི་མེད་པ་དང་། མྱུར་སྐྱོབ་རླངས་འཁོར་ཡང་འཕྲོད་བསྟེན་ལྟ་སྐྱོང་གི་ཁོངས་སུ་འདུས་ཀྱི་མེད། སྒེར་གྱི་འཕྲོད་བསྟེན་འགན་ལེན་ནང་ཞུགས་ཚེ་དེས་སྨན་བཅོས་སྐབས་སུ་དངུལ་གྱི་འགྲོ་གྲོན་གྱི་ཁུར་པོ་ཡངས་དུ་གཏོང་ཐུབ། སྒེར་གྱི་འཕྲོད་བསྟེན་འགན་ལེན་ནང་དུ་ཞུགས་ཚེ། སྨན་ཁང་སྨན་བཅོས་སྐབས་སྨན་ཁང་གི་ཕྱི་ལོགས་ནས་འགྲོ་སོང་འཕར་མ་ཞིག་གཏོང་མི་དགོས་པ་ཆགས་ཀྱི་ཡོད་ཅེས་གསུངས་འདུག

ཁྲིམས་ལུགས་ཀྱི་ཆ་ནས་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ PHI གིས་སྨན་ཁང་གི་ཕྱི་རོལ་ཏུ་ནད་པ་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་པ། ཡང་ན་ཕྱི་རོལ་དུ་སྨན་པ་བསྟེན་གཏུགས་བྱེད་པ་སོགས་ལ་སྨན་ཡོན་སྤྲོད་མི་ཐུབ། གང་ཞིག་ལ་སྨན་ཡོན་སྤྲོད་ཐུབ་ཅེ་ན་སྨན་ཁང་དང་དེའི་ནང་དུ་འགྲོ་གྲོན་གཏོང་དགོས་པའི་རིགས་ལ་སྨན་ཡོན་སྤྲོད་ཀྱི་ཡོད།

སྨན་ཁང་གི་ཕྱི་རོལ་དུ་འགྲོ་གྲོན་གཏོང་བ་ནི་ནད་པ་སྒེར་གྱི་སྨན་བཅོས་སོགས་ལ་གོ སྨན་ཁང་གི་ཕྱི་རོལ་དུ་སྒེར་གྱི་ནད་པ་ལྟ་སྐྱོང་འོག་གཤག་བཅོས་བྱེད་མཁན་སྨན་པ་འདེམས་པ་དང་གཤག་བཅོས་ཀྱི་དུས་ཚོད་འདེམས་པ་སོགས་ལ་ཟེར། ཟུར་དུ་འགྲོ་གྲོན་གཏོང་བའི་རིགས་དཔེར་ན་སོ་སྨན་བཅོས་དང་ལུས་ཁམས་བཅོས་ཐབས། མིག་ནད་བཅོས་ཐབས་ལྟ་བུ་འཕྲོད་བསྟེན་ལྟ་སྐྱོང་གི་རིགས་ལ་ཟེར་གྱི་ཡོད།

ཨོ་སི་ཊོ་ལི་ཡའི་སྒེར་གྱི་འཕྲོན་བསྟེན་ལྟ་སྐྱོང་ལྷན་ཁང་གི་འགན་འཛིན་ཌོ་ཊར་རེ་ཆར་ཌི་ཌེ་ཝི་ཌི་ Dr Rachel David ལགས་ཀྱིས་སྐབས་འཕྲལ་ཐོངས་ཆེན་རག་མཁན་དང་ཨོ་སི་ཊོ་ལི་ཡར་ཡུལ་སྐོར་དུ་ཡོང་མཁན་རྣམས་ཀྱི་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་ PHI དགོས་རྒྱུ་གལ་ཆེན་ཡིན་པ་དང། དེ་ནི་ལུང་པ་གཞན་ནས་ཡུལ་སྐོར་དུ་སླེབས་པའི་འཕྲོན་བསྟེན་འགན་ལེན་ཟེར་གྱི་ཡོད་པ་རེད་ཅེས་གསུངས་འདུག

གལ་ཏེ་ཁྱོད་རང་ལག་རྩལ་ཅན་གྱི་གནས་སྤོ་བ་ལས་ཀའི་ཐོངས་མཆན་རིགས་ངེས་ཅན་ཞིག་གི་ཐོག་ནས་ཡོང་བའམ་ཡང་ན་ཕྱི་རྒྱལ་སློབ་ཕྲུག་གི་ཐོངས་མཆན་ཐོག་ནས་ཡོང་བ་ཡིན་ན། ཁྱོད་ལ་ངེས་པར་དུ་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་ཡོད་དགོས། རྗེས་སུ་ཁྱོད་རང་གཏན་སྡོད་བྱེད་མཁན་དུ་གྱུར་རྗེས། ཁྱོད་ལ་འཕྲོད་བསྟེན་ལྟ་སྐྱོང་གཅིག་པུའི་ཐོག་ནས་སྡོད་པའི་འདམ་ག་ཡོད། འོན་ཀྱང་། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་སྡོད་བྱེད་མཁན་ལག་རྩལ་ཅན་གྱི་གནས་སྤོ་བ་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་མ་འཇོག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

སྨན་པ་ཌེ་ཝི་ཌི་ Dr David ལགས་ཀྱིས་དོན་དངོས་སུ་ཨོ་སི་ཊོ་ལི་ཡའི་མི་རབས་གསར་པ་ཚོའི་ནང་སྒེར་གྱི་འཕྲོད་བསྟེན་འགན་ལེན་ནང་ཞུགས་མཁན་ཇེ་མང་དུ་ཕྱིན་ཡོད། དེ་ནི་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་རྗེས་ང་ཚོའི་མི་མང་སྨན་ཁང་ཁག་གི་ལམ་ལུགས་འགྱུར་བ་ཕྱིན་པའི་རྐྱེན་གྱིས་རེད་ཅེས་གསུངས་འདུག

ཁོ་མོས་སྤྱི་པའི་སྨན་ཁང་ཁག་ལ་དུས་ཐོག་ཏུ་སྨན་པ་གདམ་ཀ་བྱེད་པའམ་སོ་སོའི་འཆར་གཞི་ལྡན་པའི་ཐོག་ནས་གཤག་བཅོས་བྱེད་ཐུབ་ཀྱི་མེད། གནས་སྤོ་བྱེད་མཁན་མང་པོ་ཞིག་ལས་ཀ་མང་པོ་ཞིག་བྱེད་བཞིན་ཡོད་པས། ཁོ་ཚོས་གཤག་བཅོས་ཀྱི་ཆེད་དུ་གཟའ་འཁོར་འགའ་ལ་གུང་གསེང་གཏོང་མི་ཐུབ། འདི་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན། ངས་བཤད་འདོད་པ་ནི་གལ་ཏེ་མི་ཞིག་རྨས་སྐྱོན་ཕོག་ན། སྤྱི་པའི་སྨན་ཁང་ཞིག་ཏུ་ནད་པ་སྨན་བཅོས་བྱེད་དུ་འགྲོ་དགོས་ན། སྐབས་རེར་ཟླ་བ་གསུམ་ནས་དྲུག་ཙམ་སྒུག་དགོས་ཀྱི་ཡོད་པས་དུས་ཡུན་རིང་པོ་དེ་འདྲ་སྒུག་ཐུབ་ཀྱི་མེད་ཅེས་གསུངས་འདུག

སྒེར་གྱི་འཕྲོད་བསྟེན་ཞབས་ཞུ་ནང་ཞུགས་ཡོད་ཚེ་གཤག་བཅོས་དང་སེམས་ཁམས་ཀྱི་འཕྲོད་བསྟེན་ལྟ་བུར་དུས་ཡུན་ཐུང་ཐུང་ལས་སྒུག་དགོས་ཀྱི་མེད། དཔལ་འབྱོར་གྱི་དཀའ་ངལ་ཆུང་བའི་མི་རྣམས་ལ་སྒེར་གྱི་འཕྲོད་བསྟེན་ཞབས་ཞུ་འདེམ་དུ་འཇུག་པ་དང་། དེས་སྤྱི་པའི་ལམ་ལུགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། དགོས་མཁོ་ཅན་ལ་འཕྲོད་བསྟེན་ཞབས་ཞུ་འཐོབ་སླ་བར་བྱེད་པའི་ཕན་ཐོགས་ཡོད།

སྨན་པ་ཆཱ་རེ་སི་མོའེ་ Chris Moy ལགས་ཀྱིས་འཕྲོད་བསྟེན་འགན་ལེན་ནང་ཁྱེད་ཀྱིས་གདམ་ག་གང་འདྲ་ཞིག་གནང་ཡང་། འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་ལ་ཁྱད་པར་མེད་སྐོར་བརྗོད་འདུག

ཁོ་མོས་སྨན་པ་དང་འཕྲོད་བསྟེན་ཞབས་ཞུ་བ་ཚོས་ཀུན་སྤྱོད་ཀྱི་རྩ་འཛིན་གཞིར་བཟུང་གིས་ལས་ཀ་བྱེད་དགོས་པ་དང་། ཁོ་ཚོས་ཁྱེད་ཀྱི་འཕྲོད་བསྟེན་དེ་དོན་དངོས་སུ་གལ་ཆེན་དུ་བརྩི་དགོས་པ་དང་། ཁོ་ཚོས་སྤྱི་སྒེར་གཉིས་ཀྱི་འཕྲོད་བསྟེན་ཞབས་ཞུ་ག་རེ་ཡིན་མིན་ལ་མ་ལྟོས་པར། ཁྱེད་ཀྱི་འཕྲོད་བསྟེན་དེ་གལ་ཆེན་དུ་བཟུང་ནས་ཁྱེད་ལ་སྨན་བཅོས་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁྱེད་རང་གིས་སྒེར་གྱི་འཕྲོན་བསྟེན་ཞབས་ཞུ་དང་ཡང་ན་འཕྲོད་བསྟེན་ཉེན་སྲུང་འགན་ལེན་གྱི་གདམ་ག་སོགས་གཞུང་གི་དྲ་ཚིགས་

privatehealth.gov.au དང་ཡང་ན་དྲ་ཚིགས་ finder.com.au དང་ comparethemarket.com.au སོགས་ཀྱི་ཐོག་ནས་ཞིབ་འཇུག་བྱེད་ཆོག

Share