རླངས་འཁོར་ནང་འགྲིམ་འགྲུལ་སྐབས་བྱིས་པའི་བདེ་འཇགས་སྲུང་སྐྱོབ་བྱེད་སྟངས།

How to maximise safety when using child car seats

How to maximise safety when using child car seats Credit: Drazen_/Getty Images

Get the SBS Audio app

Other ways to listen

དུས་རྒྱུན་ཕ་མ་དང་ཕྲུ་གུ་ལྟ་སྐྱོང་བྱེད་མཁན་སུ་ཞིག་ཡིན་རུང་རླངས་འཁོར་ནང་འགྲུལ་བཞུད་བྱེད་སྐབས་ཕྲུ་གུའི་བདེ་འཇགས་དེ་གལ་ཆེ་ཤོས་ཆགས་ཡོད། ལེ་ཚན་འདིའི་ནང་ཕྲུ་གུ་རླངས་འཁོར་ནང་འཇོག་ནས་འགྲུལ་བཞུད་བྱེད་སྐབས་ཨོ་སི་ཊོ་ལི་ཡའི་ནང་ཁྲིམས་ཐོག་ནས་ཕྲུ་གུའི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པའི་གནད་དོན་ཁག་དང་། ལྷག་པར་དུ་གལ་སྲིད་རླངས་འཁོར་བརྡབ་སྐྱོན་བྱུང་ཚེ་ཕྲུ་གུ་གསོན་པོ་གནས་པར་ཐབས་ལམ་གལ་ཆེན་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན། ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་ཕྲུ་གུ་རླངས་འཁོར་ནང་འཇོག་སྐབས་གཟབ་ནན་དང་ཁྲིམས་དམ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིིན། ད་དུང་ཡང་རླངས་འཁོར་བརྡབ་སྐྱོན་སོགས་ཀྱིས་རྐྱེན་པས་ཕྲུ་གུ་བསད་རྨས་སོགས་ཀྱི་གནད་དོན་མང་པོ ཞིག་ལྷག་བཞིན་ཡོད་པ་རེད།


Key Points
  • All child restraints must comply with Australian standard.
  • Laws around child restraints in taxi, rideshare and hire vehicles vary with state and territories.
  • Check with the Five Step Test before moving child onto adult seat belt.
རླངས་འཁོར་ནང་འགྲུལ་བཞུད་སྐབས་ཉེན་སྲུང་སྐེད་རག Seat Belts བཅིངས་བ་དང་ཡང་ན་བྱིས་པ་རྣམས་ཉེན་སྲུང་རྐུབ་བཀྱག་ Car restraints ཐོག་འཇོག་ཚེ་དེས་རླངས་འཁོར་བརྡབ་སྐྱོན་བྱུང་ཡང་ཕྲུ་གུའི་ཚེ་སྲོག་སྲུང་སྐྱོབ་བྱེད་ཐུབ། ཡིན་ན་ཡང་ཕྲུ་གུ་ལོ་ན་ཆེ་ཆུང་ལ་དཔག་པའི་རྐུབ་བཀྱག་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད།
ཕ་མ་མང་པོ་ཞིག་གིས་རླངས་འཁོར་ནང་ཕྲུ་གུའི་ལོ་ན་ལ་དཔག་པའི་རྐུབ་བཀྱག་གང་འདྲ་ཞིག་དགོས་མིན་དང་། ག་དུས་བརྗེ་པོ་རྒྱག་དགོས་མིན། ག་དུས་མར་བླངས་ན་འགྲིག་གི་ཡོད་མེད་སོགས་མ་ཤེས་པར་མགོ་འཐོམ་བཞིན་ཡོད།

མེལ་བྷོན་རོ་ཡོལ་ཕྲུ་གུའི་སྨན་ཁང་གི་ཕྱི་ལུས་རྨས་སྐྱོན་ཞབས་ཞུ་ཚན་ཁག་གི་འགན་འཛིན་སློབ་དཔོན་ཝར་ཝེ་ཁེ་ཋེ་གྷུ་ Warwick Teague ལགས་ཀྱིས་ཕྲུ་གུ་རླངས་འཁོར་ནང་འཁྱེར་ནས་འགྲོ་སྐབས་ཁྲིམས་ཀྱི་འགྲོ་སྟངས་དང་དོན་དངོས་ཀྱི་ལག་ལེན་ཡག་ཤོས་གཉིས་དབར་གྱི་བར་སྟོང་གི་རྐྱེན་པས་ཕ་མ་མང་པོ་ཞིག་གང་འདྲ་བྱེད་དགོས་མིན་མ་ཤེས་པར་མགོ་འཐོམ་བཞིན་ཡོད་སྐོར་བརྗོད་འདུག
Warwick Teague.jpg
Associate Professor Warwick Teague Credit: The Royal Children's Hospital Melbourne
ཁྲིམས་སྒྲིག་གཞི་དང་དོན་དངོས་བདེ་འཇགས་དབར་གྱི་བར་སྟོང་དེས་ཨོ་སི་ཊོ་ལི་ཡའི་ཕྲུ་གུ་རྣམས་རླངས་འཁོར་ནང་འགྲུལ་བཞུད་སྐབས་མཚམས་རེར་ཕྲུ་གུར་བདེ་འཇགས་དེ་ཙམ་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད།
སློབ་དཔོན་ཝར་ཝེ་ཁེ་ཋེ་གྷུ་ Warwick Teague ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཕྲུ་གུའི་བདེ་འཇགས་བཅའ་ཁྲིམས་ ནང་ཕྲུ་གུ་ཚང་མ་རླངས་འཁོར་ནང་འགྲུལ་བཞུད་སྐབས་ཕྲུ་གུའི་ལོ་ཚད་དང་གཟུགས་པོའི་རིང་ཚད་ལ་དཔག་པའི་རླངས་འཁོར་ནང་ཆེད་དུ་རྐུབ་བཀྱག་བཀོད་སྒྲིག་དགོས་སྐོར་འཁོད་ཡོད་ཅེས་དང་། ཡང་ཁོང་གིས་གནད་འགག་ཆེ་ཤོས་ནི་ཕྲུ་གུའི་ལོ་ཚད་དང་། གཟུགས་ཚད། ལྗིད་ཚད་བཅས་དང་འཚམ་པའི་རྐུབ་བཀྱག་ཞིག་དགོས་རྒྱུ་དེ་གལ་ཆེ་ཤོས་རེད་ཅེས་གསུངས་འདུག
Keep the child in the car seat they started in as long as they fit because the car seat they started represents the safest option.
Associate Professor Warwick Teague
ཡང་ཁོང་གིས་ཕྲག་པར་ཚད་རྒྱག་མཁན་དེ་ཚོས་བཤད་པ་ལྟར་ན། འཛམ་གླིང་སྤྱི་ཡོངས་ལྟར་ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་རླངས་འཁོར་ནང་འཇོག་རྒྱུའི་ཕྲུ་གུའི་རྐུབ་བཀྱག་གིཆེ་ཆུང་ཚད་གཞི་དེ་ཏག་ཏག་བསྡད་ཀྱི་མེད་པའི་བསམ་འཆར་ཤོད་མཁན་ཡོད་པ་དང་། དེས་ལོ་ཚད་ལྟར་གྱི་ཕྲུ་གུ་ཁག་ཅིག་རྐུབ་བཀྱག་ནང་ཤོངས་ཀྱི་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་ཕྲུ་གུ་རྣམས་རྐུབ་བཀྱག་སྟེང་ཤོངས་པ་དེ་ཚོད་བར་དུ་ཕྲུ་གུ་རྣམས་རྐུབ་བཀྱག་སྟེང་འཇོག་པ་ཡིན་ན་བདེ་འཇགས་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག
car seat law.png
National child restraint laws Credit: ChildCarSeats

སློབ་དཔོན་ཝར་ཝེ་ཁེ་ཋེ་གྷུ་ Warwick Teague ལགས་ཀྱིས་སྟབས་བདེ་ཡོད་ཚེ་ཕྲུ་གུ་རྣམས་འཇོག་སྟེགས་སྟེང་ནས་ཁ་ཕྱིར་འཁོར་ནའང་ཡག་པོ་ཡོད་པ་དང་། ཕྲུ་གུ་ཟླ་བ་དྲུག་ལས་བརྒལ་ན་ཡང་ད་དུང་དེ་འདྲ་བྱེད་ནས་འཇོག་ཆོག་གི་ཡོད། ཕྲུ་གུ་དམར་འབྱར་དེ་ཚོ་རྐུབ་བཀྱག་སྟེང་ཁ་ཕྱིར་འཁོར་བཅུག་ནས་འཇོག་ཚེ་ཁ་མདུན་ཕྱོགས་འཁོར་བ་ལས་ཀྱང་རྡབ་ལྔ་ཙམ་བདེ་འཇགས་ཆེ་བ་ཡོད་སྐོར་བརྗོད་འདུག

ཕྲུ་གུའི་ལོ་ཚད་བཟོས་པ་ནི་ལམ་སྟོན་ཞིག་རེད། གལ་ཆེ་ཤོས་ནི་ཕ་མ་ཚོས་རླངས་འཁོར་ནང་གི་ཕྲུ་གུའི་བདེ་འཇགས་རྐུབ་བཀྱག་དེ་ཕྲུ་གུའི་གཟུགས་པོའི་ཚད་གཞི་དང་ཏག་ཏག་བསྡད་ཀྱི་ཡོད་མེད་དུས་རྒྱུན་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་རེད།

ཕྲུ་གུ་རྣམས་བདེ་འཇགས་རྐུབ་བཀྱག་ནས་མི་རྒན་པ་ཚོ་དང་གཅིག་མཚུངས་ཉེན་སྲུང་ཐག་པ་སྤྱོད་ཚེ་གནད་དོན་ ༥ བརྟག་དཔྱད་བྱེད་དགོས།

ཕྱི་ལོ་ ༢༠༡༩ ལོར་མེལ་བྷོན་རོ་ཡོལ་བྱིས་པའི་སྨན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་ན་ ༧ ནས་ ༡༠ བར་གྱི་ཕྲུ་གུ་གསུམ་རེའི་ནང་ཕྲུ་གུ་ ༢ རེར་ཁོང་ཚོའི་གཟུགས་པོའི་རིང་ཚད་རྨིད་ ༡་༤༥ ལས་ཐུང་བ་ཡིན་རུང་ད་དུང་རླངས་འཁོར་ནང་མི་རྒན་པའི་ཉེན་སྲུང་ཐག་པ་མ་གཏོགས་བེད་སྤྱོད་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད།

སློབ་དཔོན་ཋེ་གྷུ་ལགས་ཀྱིས་ཁྱེད་རང་གི་ཕྲུ་གུ་རླངས་འཁོར་ནང་བདེ་འཇགས་རྐུབ་བཀྱག་ནས་མི་དར་མ་ཚོ་དང་གཅིག་མཚུངས་ཉེན་སྲུང་ཐག་པ་ཁོ་ན་སྤྱོད་རྩིས་ཡོད་ཚེ་ཨོ་སི་ཊོ་ལི་ཡའི་དབང་རྩའི་ཚན་རིག་ཞིབ་འཇུག་ NeuRA དང་ཨོ་སི་ཊོ་ལི་ཡའི་ཕྲུ་གུའི་བདེ་འཇགས་ལྟེ་གནས་ནས་ལག་བསྟར་ཡག་ཤོས་ལམ་སྟོན་བྱས་པའི་གནད་དོན་ ༥ ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག

གནད་དོན་ལྔ་ནི།
༡། ཁྱེད་ཀྱི་རྒྱབ་དེ་རླངས་འཁོར་གྱི་རྐུབ་སྟེགས་ལ་བསྙེལ་འདུག་གམ།
༢། ཁྱེད་ཀྱི་པུས་མོ་རྣམས་རླངས་འཁོར་གྱི་རྐུབ་སྟེགས་ཀྱི་མཐའ་མཚམས་ལས་གུག་འདུག་གམ།
༣། ཁྱེད་ཀྱི་ཉེན་ཟོན་སྐེད་རག་དེ་དཔྱི་མགོ་ལས་དམའ་བ་དང་རྐང་པར་ཐུག་འདུག་གམ།
༤། ཉེན་ཟོན་སྐེད་རག་དེ་ཕྲག་པའི་དཀྱིལ་དུ་བརྒྱུད་འདུག་གམ།
༥། ཁྱེད་རང་འགྲུལ་བཞུད་བྱེད་སའི་ཁ་ཕྱོགས་ལྟར་བུ་སྡོད་སྟངས་འདི་འདྲ་བྱས་ནས་སྡོད་ཐུབ་ཀྱི་འདུག་གམ།

རླངས་འཁོར་ནང་ཕྲུ་གུའི་རྐུབ་བཀྱག་དེ་ཆེད་ལས་རང་བཞིན་གྱིས་བརྒར་དགོས།

ལམ་ཁ་བདེ་འཇགས་ལྟེ་གནས་ཀྱི་འགན་འཛིན་བྷེར་ནར་ཌེ་ཁར་ལོན་ Bernard Carlon ལགས་ཀྱིས་སྤྱིར་སྟངས་ཕྲུ་གུ་ལ་འཚམ་པའི་རྐུབ་སྟེགས་ཤིག་ཡོད་ཀྱང་རྒྱུན་ལྡན་གྱི་ནོར་འཁྲུལ་ཞིག་ནི་རྐུབ་སྟེགས་དེ་མོ་ཊའི་ནང་བརྒར་སྟངས་ནོར་ཡོད་པ་དེ་རེད། ཨོ་སི་ཊོ་ལི་ཡའི་ནང་སྤྱི་ཡོངས་ཕྲུ་གུ་གསུམ་ནང་ནས་ཕྲུ་གུ་གཉིས་ཀྱི་རྐུབ་སྟེགས་དེ་བརྒར་སྟངས་ནོར་ནས་ཡོད་པ་རེད་ཅེས་བརྗོད་འདུག

དུས་རྒྱུན་རླངས་འཁོར་ནང་ཕྲུ་གུའི་བདེ་འཇགས་རྐུབ་སྟེགས་བརྒར་སྟངས་སྐོར་གྱི་ངོ་སྤྲོད་ལ་ཞིབ་ཚགས་བལྟ་དགོས་པས་མ་ཚད། ཆོག་མཆན་ཡོད་མཁན་གྱི་ཞབས་ཞུ་ཁང་དེ་འདྲར་འགྲོ་ནས་བརྒར་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། མཚམས་རེར་ས་གནས་གྲོང་སྡེ་ལྷན་ཁང་གིས་ཕྲུ་གུའི་རྐུབ་སྟེགས་ཏག་ཏག་བརྒར་ཡོད་མེད་རིན་མེད་ཐོག་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་ནང་འཇོག་རྒྱུའི་ཕྲུ་གུའི་རྐུབ་སྟེགས་དེ་ཚོ་ངེས་པར་དུ་སྤྱི་ཡོངས་ཨོ་སི་ཊོ་ལི་ཡའི་ནང་ཚད་གཞི་ལོངས་པ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ལམ་ཁ་བདེ་འཇགས་ལྟེ་གནས་ཀྱི་འགན་འཛིན་བྷེར་ནར་ཌེ་ཁར་ལོན་ Bernard Carlon ལགས་ཀྱིས་དེའི་གོ་དོན་ནི་ཁྱེད་རང་གིས་རླངས་འཁོར་ནང་འཇོག་རྒྱུའི་ཕྲུ་གུ་བདེ་འཇགས་རྐུབ་བཀྱག་དེ་རྒྱལ་ཁབ་དང་ལུང་པ་གཞན་པ་ནས་མངག་ཉོ་བྱེད་མི་རུང་ཞེས་གསུངས་འདུག

Father buckling son in car seat
The obligation is on adults to keep children safe in cars. Credit: MoMo Productions/Getty Images
ཕྲུ་གུའི་བདེ་འཇགས་རྐུབ་བཀྱག་དེ་ཚོ་ལོ་ ༡༠ ལས་མང་བ་བེད་སྤྱོད་བྱེད་མི་རུང་བ་དང་། རྐུབ་བཀྱག་རྙིང་པ་དང་ཡང་ན་ཕྲུ་གུ་ཆེ་བ་དེ་ཚོའི་བེད་སྤྱོད་བྱས་ཟིན་པ་ཞིག་བསྐྱར་དུ་བེད་སྤྱོད་གཏོང་ཚེ་ངེས་པར་དུ་བཟོ་བསྐྲུན་བྱས་པའི་ལོ་དུས་ཚེས་གྲངས་བརྟག་དཔྱད་བྱེད་དགོས།

ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཚང་མའི་ནང་གླ་བྱེད་རླངས་འཁོར་དང་། ཡང་ན་གཡར་ནས་ཡོང་བའི་རླངས་འཁོར་སོགས་ག་རེ་ཡིན་རུང་ཕྲུ་གུ་རླངས་འཁོར་ནང་འཁྱེར་བར་ངེས་པར་དུ་ཕྲུ་གུའི་བདེ་འཇགས་རྐུབ་བཀྱག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་འགྲིམ་འགྲུལ་སྐོར་གྱི་ཁྲིམས་སྒྲིག་གཞི་དང་ལམ་སྟོན་ཁག་ལ་གཟིགས།


Share