ཨོ་སི་ཊོ་ལི་ཡ་དང་རྒྱ་གར་གཉིས་དབར་བར་སྣང་ལས་འཆར་མཉམ་འབྲེལ་བྱ་རྒྱུ།

AUSTRALIAS LARGEST SATELLITE OPTIMUS

A supplied image obtained on Tuesday, March 5, 2024, of Australia's largest satellite, Optimus, being launched on SpaceX's Falcon 9 rocket. (AAP Image/Supplied by Space Machines Company) NO ARCHIVING, EDITORIAL USE ONLY Credit: PR IMAGE

Get the SBS Audio app

Other ways to listen

ཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་ཊོ་ལི་ཡ་དང་རྒྱ་གར་གཉིས་དབར་བར་སྣང་འཕུར་གྲུའི་བཟོ་བསྐྲུན་ལས་གཞི་ཞིག་མཉམ་འབྲེལ་ཆེད་ཨོ་སྒོར་ས་ཡ་ ༡༨ མ་རྩ་གཏང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་འདུག མ་དངུལ་དེ་ནི་ཨོ་སི་ཊོ་ལི་ཡར་བརྟེན་གཞི་བྱས་པའི་བར་སྣང་ཚལ་རྩལ་བཟོ་ཚོང་ཁང་ཁག་གིས་རྒྱ་གར་དང་མཉམ་ལས་བྱེད་ཆོག་གི་ཡོད་པ་དང་། རྒྱ་གར་ནི་ད་ལྟའི་ཆར་བར་སྣང་འཕུར་གྲུ་སོགས་ཀྱི་ཐད་བཟོ་ལས་ལག་རྩལ་ཡར་རྒྱས་མགྱོག་ཤོས་སུ་འགྲོ་མཁན་གྲས་ཤིག་ཆགས་ཡོད།


ལས་གཞི་༌དེ་ལོ་མང་རིང་ལས་འཆར་སྒྲིག་ཡོད་འདུག་པ་དང་ད་ལྟ་དངོས་སུ་ལས་དོན་འགོ་འཛུགས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཟླ་བ་སྔོན་མར་ཨོ་སི་ཊོ་ལི་ཡའི་འཁོར་སྐར་བཟོ་མཁན་སྒེར་གྱི་ཚོང་ལས་ཁང་ཆེ་ཤོས་ཤིག་གིས་བར་སྣང་འཕུར་གྲུ་ཞིག་ཨ་རིའི་ཁལ་ཧྥོ་ནི་ཡང་ནས་བར་སྣང་ཁམས་ལ་བཏང་ཡོད་འདུག གྲོང་ཁྱེར་སིཌ་ནིང་ནང་བརྟེན་གཞི་བྱས་པའི་མཁའ་དབྱིངས་བཟོ་གྲྭ་དེས་འཁོར་སྐར་དེ་ནི་འཁོར་སྐར་གཞན་དག་ལ་རམ་འདེགས་ཆེད་དུ་བཟོས་ཡོད་སྐོར་བརྗོད་འདུག

འཁོར་སྐར་བཟོ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་རཱ་ཇི་ཐི་ཀུལ་ཤཱེར་ཏཱ་ Rajat Kulshrestha ལགས་ཀྱིས་ད་ལྟའི་ཆར་འཛམ་གླིང་དུ་འཁོར་སྐར་བཟོ་ལས་ཀྱི་ལག་རྩལ་གོང་མཐོར་འགྲོ་བཞིན་ཡོད་པས་འཁོར་སྐར་དེ་ནི་འཁོར་སྐར་གཞན་དག་ལ་ལམ་གྱི་ཟུར་ནས་རོགས་རམ་དང་ལྟ་རྟོགས་བྱེད་མཁན་ལྟར་བུ་ཞིག་ཆགས་ཡོད་སྐོར་གསུངས་འདུག

ཁོང་གིས་ང་ཚོའི་བརྡ་འཕྲིན་དང་། ཕྱོགས་སྟོན། གནམ་གཤིས་སོགས་བྱ་དངོས་མང་པོ་ཞིག་བར་སྣང་ཁམས་ཀྱི་འཁོར་སྐར་དང་འབྲེལ་བ་ཡོད་པ་རེད། ང་ཚོས་འཁོར་སྐར་དེ་ཚོ་ལ་མང་པོ་ཞིག་བརྟེན་ནས་ཡོད་པས་དེ་ཚོ་མར་ལྷུང་བཅུག་རྒྱུ་མེད། ང་ཚོས་མི་བཟོས་སྲུང་སྐར་དེ་ཚོ་བདེ་འཇགས་ཡིན་མིན་དང་། དེ་ཚོ་བཟོ་བཅོས་དགོས་མིན་སོགས་བརྟག་དཔྱད་ཀྱིས་དེ་ཚོ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག

ད་ལྟ་འཁོར་སྐར་བཟོ་ལས་ཁང་དེས་འཁོར་སྐར་ satellite གཉིས་པ་ཞིག་བཟོ་རྒྱུའི་གྲ་སྒྲིག་དང་། ཐེངས་འདིར་རྒྱ་གར་གྱི་མེ་ཤུགས་འཕུར་མདའ་སྟེང་ནས་བར་སྣང་ཁམས་སུ་བསྐྱལ་རྒྱུ་ཡིན་འདུག

འཕུར་སྐྱོད་འདིའི་དམིགས་ཡུལ་ནི་མཁའ་དབྱིངས་ཀྱི་གད་སྙིགས་ཉུང་དུ་གཏོང་བར་ཕན་གྲོགས་བྱེད་པའི་ཆེད་དུ་མིའི་ཐབས་ཀྱི་རིག་ནུས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་མཁའ་དབྱིངས་བཟོ་ལས་དེ་སྔར་ལས་ཡར་རྒྱས་དང་སྲ་བརྟན་དུ་གཏང་རྒྱུ་ཡིན་འདུག

ཁོང་གིས་འདི་ནི་ཨོ་སི་ཊོ་ལི་ཡའི་ཆེས་ཆེ་བའི་མཁའ་དབྱིངས་འཕུར་གྲུ་ཞིག་རྒྱ་གར་གྱི་མེ་ཤུགས་འཕུར་མདའི་ཐོག་ནས་བར་སྣང་ལ་བསྐྱོད་རྒྱུ་རེད། རྒྱ་གར་གྱི་མེ་ཤུགས་འཕུར་མདའ་དེའི་སྟེང་དུ་ཨོ་སི་ཊོ་ལི་ཡའི་རྒྱལ་དར་མཐོང་རྒྱུ་ཡིན་པས་དེས་ང་ཚོ་དགའ་ཚོར་ཆེན་པོ་ཞིག་ཡོང་གི་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡར་བརྟེན་གཞི་བྱས་པའི་ Space Machines ཞེས་པ་དེ་ནི་ཨོ་སི་ཊོ་ལི་ཡ་གཞུང་གིས་རོགས་དངུལ་ཐོབ་ནས་རྒྱ་གར་དང་མཉམ་ལས་བྱེད་མཁན་བཟོ་ལས་ཁང་གསུམ་གྱི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་རེད།

རྒྱ་གར་གྱི་མཐོ་རིམ་སྐུ་ཚབ་གྷོ་པལ་བྷག་ལེ་ Gopal Baglay ལགས་ཀྱིས་རོགས་དངུལ་ཐོབ་མཁན་རྣམས་ལ་གསུངས་དོན།

ཁོང་ཚོ་ནི་རྒྱ་གར་དང་ཨོ་སི་ཊོ་ལི་ཡ་གཉིས་དབར་གྱི་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་གི་ནང་ལེགས་སྐྱེས་འབུལ་མཁན་དང་པོ་དེ་ཆགས་ཡོད་ཅེས་གསུངས་འདུག

རྒྱ་གར་གྱི་མཁའ་དབྱིངས་ལག་རྩལ་མགྱོག་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ནི་ཟླ་བའི་གོ་ལ་ལྷོ་སྣེ་ལ་སླེབས་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པས་ན་ནིང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད་ཡོད།

ཡང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེ་ནང་བརྟེན་གཞི་བྱས་པའི་བར་སྣང་འཕུར་གྲུ་དང་འཁོར་སྐར་བཟོ་ཚོང་ཁང་ LatConnect60 ལ་མ་དངུལ་ཨོ་སྒོར་ས་ཡ་ ༦ ཙམ་རག་ཡོད་འདུག

བཟོ་ཚོང་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཝན་ཀཱ་ཊི་ཕེ་ལའེ་ Venkat Pillay ལགས་ཀྱིས་ཁོང་ཚོས་བར་སྣང་དམའ་རིམ་དུ་འཕུར་སྐྱོད་བྱེད་མཁན་འཁོར་སྐར་ཞིག་བཟོ་བསྐྲུན་བྱས་ནས་དེས་བར་སྣང་ཁམས་ཀྱི་ཁོར་ཡུག་དང་ནག་རྫས་ཀྱི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག


Share